ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་རྒྱལ་ས་རུ་མུའུ་སི་ལིན་གྱི་ཆོས་ཁང་ཞིག་ལ་འགས་གཏོར་ཐེབས་ནས་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་ཉེར་ལྔ་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-10-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་ཚེས་ལྔ་ཉིན་བཤད་རྒྱུར། རྒྱལ་ས་ཁ་པོར་གྱི་མུའུ་སི་ལིན་གྱི་ཆོས་ཁང་ཞིག་ཏུ་ཉིན་དེར་འགས་གཏོར་དོན་རྐྱེན་བྱུང་ནས་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་ཉེར་ལྔ་ལ་རྨས་ཕོག་ཟེར།

ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གི་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་ན་ཧྥ་ཧི་ཡིས་བཤད་རྒྱུར། ནང་སྲིད་པུའུ་ཡི་ཉེ་འདབས་ཀྱི་མུའུ་སི་ལིན་ཆོས་ཁང་ཞིག་ཏུ་ཚེས་ལྔ་ཉིན་འགས་གཏོར་བྱུང་ནས་མི་སྣར་ཤི་རྨས་བཟོས་ཡོད། ནང་སྲིད་པུའུ་ཡི་ལས་དོན་པ་དང་མང་ཚོགས་ཕལ་བ་རྣམས་རྒྱུན་དུ་ཆོས་ཁང་དེར་སོང་ནས་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་བཞིན་ཡོད་ཟེར།

མིག་སྔར་རྩ་འཛུགས་དང་མི་གཅིག་གིས་ཀྱང་འགས་གཏོར་དོན་རྐྱེན་དེ་བཟོས་པ་ཁས་བླངས་མེད།

ཉེ་སྔོན། ཨ་ཧྥུའུ་ཧན་གྱི་ས་ཆ་སོ་སོ་རུ་འགས་གཏོར་དོན་རྐྱེན་རྒྱུན་པར་འབྱུང་བཞིན་ཡོད་ལ། མི་སྣར་ཤི་རྨས་ཚབས་ཆེན་བཟོ་བཞིན་ཡོད། ཟླ་དགུ་པའི་ཚེས་སུམ་ཅུ་ཉིན་ཡང་རང་སྲོག་གཅོད་པའི་འཇབ་རྒོལ་པ་ཞིག་གིས་ཁ་པོར་གྱི་མཐོ་རིམ་སློས་གསོ་གསོ་སྦྱོང་ལྟེ་གནས་ཤིག་ལ་འཇབ་རྒོལ་བྱས་ཏེ། མི་ང་གསུམ་རྐྱེན་ལམ་དུ་བཏང་བ་དང་། མི་བརྒྱ་དང་བཅུ་ཐམ་པ་རྨས།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།