ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅིར་ཅི་སི་སི་ཐན་གྱི་གྲོས་ཁང་གིས་ཚེས་ལྔ་ཉིན་ནུའུ་ཨར་ལན་པེ་ཁི་ཧྲ་ཅི་ཡེ་ཧྥུའུ་གྲོས་ཁང་གི་གྲོས་དཔོན་གསར་པར་བདམས།
ཅིར་ཅི་སི་སི་ཐན་གྱི་གྲོས་ཁང་གིས་ཉིན་དེར་གྲོས་ཚོགས་བསྡུས་ནས་གྲོས་དཔོན་གསར་པ་བདམས། མིང་མ་བཀོད་པར་འདེམ་ཤོག་འཕངས་པ་བརྒྱུད་དེ། ཧྲ་ཅི་ཡེ་ཧྥུའུ་ལ་རྒྱབ་སྐྱོར་གྱི་འདེམ་ཤོག་བརྒྱད་ཅུ་དང་། ངོ་རྒོལ་གྱི་འདེམ་ཤོག་དྲུག་ཐོབ་ནས་གྲོས་དཔོན་ལ་བདམས།
ཧྲ་ཅི་ཡེ་ཧྥུའུ་ད་ལོར་ལོ་ཞེ་ལྔ་ཡིན་ལ། ཉིས་སྟོང་ཉེར་གཅིག་ལོར་གྲོས་ཁང་གི་གྲོས་མིར་བདམས་པ་དང་། ཅིར་ཅི་སི་སི་ཐན་གྱི་ཕ་ཡུལ་ཏང་ཁག་གྲོས་ཁང་ཏང་ཚོགས་ཀྱི་གཙོ་འཛིན་རེད། ཉིས་སྟོང་བཅུ་ལོ་ནས་ཉིས་སྟོང་བཅུ་གཅིག་ལོའི་བར། ཁོས་ཅིར་ཅི་སི་སི་ཐན་གྱི་རིག་གནས་དང་ཆ་འཕྲིན་པུའུ་ཡི་པུའུ་ཀྲང་གི་འགན་ཁུར་མྱོང་། ཉིས་སྟོང་བཅུ་བདུན་ལོར་ཧྲ་ཅི་ཡེ་ཧྥུའུ་ཡིས་བརྙན་འཕྲིན་གསར་པ་ཞེས་པའི་འཕྲིན་ལམ་ཞིག་གསར་འཛུགས་བྱས་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཧྲ་ཅི་ཡེ་ཧྥུའུ་ཅིར་ཅི་སི་སི་ཐན་གྱི་གྲོས་དཔོན་གསར་པར་བདམས།