ཀྲུང་གོ་བོད་ཀྱི་དྲ་བ།

ཁུ་པཱ་ཡིས་དྲག་རླུང་བྱུང་རྗེས་མྱུར་མོར་སླར་གསོ་དང་བསྐྱར་འཛུགས་བྱ་བར་འབད་འབུངས་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་ཚེས་ཉེར་བརྒྱད་ཉིན་ནན་གྱིས་བསྟན་དོན། དབྱེ་ཨིན་ཞེས་པའི་དྲག་རླུང་ཚེས་ཉེར་བདུན་ཉིན་ཁུ་པཱའི་མངའ་ཁོངས་བརྒྱུད་རྗེས། ཁུ་པཱ་ཡིས་མྱུར་མོར་སླར་གསོ་དང་བསྐྱར་འཛུགས་བྱ་བར་འབད་འབུངས་བྱེད་དགོས་ཟེར། 

ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཞུགས་ཤག་གིས་བསྒྲགས་པ་ལྟར་ན། ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་ཚེས་ཉེར་བརྒྱད་ཉིན་གྱི་ཞོགས་པར་ཧཱ་ཝ་ནཱའི་ས་ཁུལ་སོ་སོར་རྟོག་ཞིབ་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བཤད་རྒྱུར། མྱུར་མོར་འགུལ་སྐྱོད་སྤེལ་ནས་དྲག་རླུང་ལས་བཟོས་པའི་གནོད་པ་ཐག་གཅོད་བྱེད་དགོས་ཟེར། 

ཁུ་པཱའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། གནོད་འཚེ་ཐེབས་ཚད་ཆེས་ཚབས་ཆེ་བའི་ནུབ་ཕྱོགས་ས་ཁུལ་གྱི་པུས་ནཱ་ཨར་ཏི་ལི་ཨོ་ཞིང་ཆེན་དུ། དབྱེ་ཨིན་དྲག་རླུང་ལས་ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། དྲག་ཆར་དང་དྲག་རླུང་ལས་ཆུ་ལོག་བྱུང་སྟེ། གཞུང་ལམ་དང་སྡོད་དམངས་ཀྱི་ཁང་བ། རྨང་གཞིའི་སྒྲིག་ཆས་བཅས་ལ་གཏོར་བརླག་ཐེབས་ཡོད་ལ། ཞིང་ས་དང་དུ་རྩྭའི་འདེབས་འཛུགས་ར་བར་ཡང་གཏོར་བརླག་ཐེབས་ཡོད། པུས་ནཱ་ཨར་ཏི་ལི་ཨོ་ཞིང་ཆེན་གྱིས་ཁུ་པཱའི་བརྒྱ་ཆའི་དོན་ལྔའི་དུ་རྩྭ་དང་བརྒྱ་ཆའི་བཞི་བཅུའི་སྲན་མའི་རིགས་ཐོན་སྐྱེད་བྱས་ཏེ་ཕྱིར་གཏོང་བཞིན་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།