ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་གི་ཆེས་མཐོ་བའི་གངས་རི་བརྒྱད་པ་མཱ་ན་སི་ལུའུ་གངས་རིར་གནས་མང་པོར་གངས་བརྡིབས་བྱུང་བ་དང་མི་བཅུ་གྲངས་གར་སོང་ཆ་མེད་དུ་གྱུར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བལ་བོའི་སྨན་སྦྱོར་ལས་ཤེས་གསལ་ལྟར་ན། ས་གནས་དེ་གའི་ཟླ9པའི་ཚེས26ཉིན། བལ་བོའི་མཱ་ན་སི་ལུའུ་གངས་རིར་གནས་མང་པོར་གངས་བརྡིབས་བྱུང་བ་དང་། ཉིན་དེའི་ཆུ་ཚོད17བར་ཉུང་མཐར་ཡང་མི་བཅུ་ལྷག་ཙམ་གར་སོང་ཆ་མེད་དུ་གྱུར་ཅིང་། མི་མང་པོ་ཞིག་གངས་ཁྲོད་དུ་ལུས་ཏེ་ཉེན་ཁའི་གནས་སུ་གྱར་ཡོད། བསྒྲགས་པའི་གནས་ཚུལ་གཞན་ལྟར་ན། གངས་རྡིབ་པའི་དོན་རྐྱེན་ཁྲོད་རི་འཛེག་པ་རྐྱེན་ལམ་དུ་ཤོར་ཡོད་མོད། འོན་ཀྱང་མིག་སྔའི་བར་བལ་བོའི་ཡུལ་སྐོར་ཅུའུ་སོགས་གཞུང་ཕྱོགས་སྒྲིག་གཞིས་ཤི་རྨས་ཀྱི་གྲངས་གཞི་ཁྱབ་བསྒྲགས་བྱས་མེད།

བལ་བོའི་གོར་ཁ་རྫོང་ཉེན་རྟོག་ཅུའུ་ཡི་འགན་འཁུར་བ་ལ་སྨི་ཁྲ་ཉེས་བཤད་རྒྱུར། ས་བབ་ཅུང་མཐོ་བ་དང་གནམ་གཤིས་རྩུབ་པས་རོགས་སྐྱོབ་ལས་དོན་ཉིན་གང་བོར་རྒྱུན་མཐུད་ངང་སྤེལ་ཐབས་བྲལ་ཟེར། ས་གནས་དེ་གའི་དུས་ཚོད་ཕྱི་དྲོའི་ཆུ་ཚོད17དང་སྐར་མ30བར་རྨས་མ་ཞིག་བསྐྱབས་ཡོད།

མཱ་ན་སི་ལུའུ་གངས་རིའི་ས་བབ་མཐོ་ཚད་སྨི8163ཟིན་པ་དང་འཛམ་གླིང་གི་གངས་རི་མཐོ་ཤོས་ཨང་བརྒྱད་པ་རེད། ཚེས26ཉིན། གངས་རྡིབ་དོན་རྐྱེན་ཁྲོད་ཆེས་ཚབས་ཆེ་བའི་ས་ཁུལ་ནི་ས་བབ་མཐོ་ཚད་སྨི6800ཡོད་པའི་སྒར་ས་གསུམ་པ་ནས་ས་བབ་མཐོ་ཚད་སྨི7450ཡོད་པའི་སྒར་ས་བཞི་པའི་བར་རེད། གཞན་ཡང་ས་བབ་མཐོ་ཚད་སྨི4800ཟིན་པའི་སྒར་ས་ཆེན་མོར་ཡང་གངས་རྡིབ་བྱུང་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།