ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུ་ཧན་གྱི་གནས་སྐབས་སྲིད་གཞུང་དང་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུའི་འབོད་སྐུལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཕག་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱེད་པའི་ཀྲུང་གོའི་འཐུས་མི་གཞོན་པ་ཀེང་ཧྲོང་གིས་ཚེས27ཉིན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཨ་ཧྥུ་ཧན་གྱི་གནད་དོན་ཡོངས་སྒྲོག་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དངོས་སྒྲུབ་ཀྱི་རྣམ་འགྱུར་ཐོག་ནས་ཨ་ཧྥུ་ཧན་གྱི་གནས་སྐབས་སྲིད་གཞུང་དང་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུའི་འབོད་སྐུལ་བྱས་པ་རེད།

ཀེང་ཧྲོང་གིས་བཤད་རྒྱུར། འདས་ཟིན་པའི་ལོ་ངོ20ཡི་ལོ་རྒྱུས་ཀྱིས་ཡང་བསྐྱར་ར་སྤྲོད་བྱས་དོན། དམག་དོན་གྱི་ཐེ་ཇུས་དང་ཕྱི་ཕྱོགས་ཀྱི་བྱེད་སྟངས་རྩ་བ་ནས་ལག་ལེན་བསྟར་ཐབས་མེད་པ་དང་།  ཨ་ཧྥུ་ཧན་གྱི་མདུན་ལམ་དང་ལས་དབང་དེ་ཨ་ཧྥུ་ཧན་གྱི་མི་དམངས་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“ཨ་ཧྥུ་ཧན་གྱིས་གཙོ་ཁྲིད་བྱེད་པ་དང་ཨ་ཧྥུ་ཧན་ལ་དབང་བའི”གནད་དོན་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། དངོས་སྒྲུབ་ཀྱི་རྣམ་པས་ཨ་ཧྥུ་ཧན་གྱི་གནས་སྐབས་སྲིད་གཞུང་དང་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ་མཉམ་འགུལ་ཧུར་ཐག་དང་།  ངང་རྒྱུད་རིང་པོས་ཁྲིད་སྟོན་བྱེད་པ། ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཨ་ཧྥུ་ཧན་གྱི་གནས་སྐབས་སྲིད་གཞུང་གིས་ཆབ་སྲིད་ཁོང་ཡངས་དང་ཞི་ཞིང་དུལ་བའི་སྒོ་ནས་སྲིད་ཇུས་ལག་བསྟར་བྱ་རྒྱུར་རོགས་རམ་བྱེད་དགོས།  ཨ་ཧྥུ་ཧན་གྱི་གནས་སྐབས་སྲིད་གཞུང་ལ་གནོན་ཤུགས་མཐའ་གཅིག་ཏུ་སྤྲོད་རྒྱུ་དང་ཐ་ན་ཡུལ་སྐོར་གྱི་བཀག་རྒྱ་ཆག་ཡང་གཏོང་བའི་གནད་དོན་དེ་ཡོ་བྱད་ཅན་དུ་བསྒྱུར་རྒྱུ་དེ། གྲོས་མོལ་བྱེད་པའི་རྡེའུ་དུ་བརྩིས་ནས་སྐད་ཆ་ཤོད་རེས་བྱེད་པའི་བར་གསེང་ཆུང་རུ་གཏོང་བ་དང་འགལ་ཟླ་དང་མི་མཐུན་ས་ཇེ་ཟབ་ཏུ་བཏང་བ་རེད།

ཀེང་ཧྲོང་གིས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུ་ཧན་ལ་མི་ཆོས་ཀྱི་ཉམས་ཉེན་ཞི་ལྷོད་དུ་གཏོང་རོགས་དང་དཔལ་འབྱོར་བརྟན་པོ་ཡོང་བར་བྱ་རྒྱུ་དེ་ཆེས་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་ཏུ་བརྩིས་ནས། མི་ཆོས་དང་དཔལ་འབྱོར་གྱི་གནད་དོན་ཆབ་སྲིད་ཅན་དུ་འགྱུར་མི་རུང་བ་དང་། མི་ཆོས་རོགས་སྐྱོར་དང་དཔལ་འབྱོར་འཕེལ་རྒྱས་དེ་ཆབ་སྲིད་ཀྱི་གནད་དོན་གཞན་དང་ཟུང་འབྲེལ་བྱེད་མི་རུང་། ཨ་ཧྥུ་ཧན་གྱི་ཕྱི་རྒྱལ་དུ་བསྡམས་བཅད་བྱས་པའི་རྒྱུ་ནོར་རྣམས་ཨ་ཧྥུ་ཧན་གྱི་དམངས་འཚོ་དང་དཔལ་འབྱོར་བསྐྱར་སྐྲུན་ཐད་གང་མགྱོགས་ཀྱིས་བེད་སྤྱོད་་བྱེད་དགོས།

ཀེང་ཧྲོང་གིས་བཤད་རྒྱུར། ཨ་ཧྥུ་ཧན་ལ་འཕྲད་པའི་བདེ་འཇགས་དང་འཇིགས་རྒོལ། དུག་འགོག ཉམ་ཐག་མི་སེར་སོགས་ཀྱི་གནད་དོན་ཕན་ཚུན་འདྲེས་ཡོད་པས།  ཕྱོགས་བསྡུས་ཇུས་བསྟར་བྱས་ཏེ་འབྱུང་རྩ་ནས་ཐག་གཅོད་བྱེད་ཐབས་འཚོལ་དགོས།  ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཧན་གྱི་ཐ་ལི་པན་གྱིས་བསྒྲུབ་རྒྱུ་ཁས་ལེན་ཏན་ཏིག་བྱས་ཏེ་འཇིགས་སྐུལ་རྩ་འཛུགས་མཐའ་དག་དང་འབྲེལ་བ་རྦད་དེ་གཅོད་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ“དབྱི་སི་ལམ་རྒྱལ་ཁབ”དང“ཤར་དབྱི་སི་ལམ་ལས་འགུལ”སོགས་འཇིགས་སྐུལ་རྩ་འཛུགས་སྣ་ཚོགས་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་སྟེ། ཨ་ཧྥུ་ཧན་སླར་ཡང་འཇིགས་སྐུལ་རིང་ལུགས་བསྡུ་འགྲེམས་ལྟེ་གནས་སུ་འགྱུར་བར་སྔོན་འགོག་བྱ་རྒྱུའི་རེ་བ་ཡོད།  ཡུན་རིང་ལ་བལྟས་ན། ཕྱོགས་སོ་སོས་ཨ་ཧྥུ་ཧན་གྱི་རྒྱལ་ནང་ཁྲོམ་ར་སླར་གསོ་དང་ས་ཁུལ་གྱི་མཉམ་ལས་དང་ཕན་ཚུན་སྦྲེལ་མཐུད་ནང་ཞུགས་པར་རོགས་རམ་བྱས་ཏེ། ཟིང་ཆ་དང་ལྷིང་འཇགས་མེད་པའི་འབྱུང་རྩ་རྦད་དེ་མེད་པར་བཟོས་ནས་ཡུན་རིང་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཐུབ་པར་བྱེད་དགོས། །

རྩོམ་སྒྲིག་པ། : ཕག་གྲུབ།