ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་ཙུང་ལི་ཧྲུའུ་ཨར་ཚིའི་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ9པའི་ཚེས26ཉིན། འཇར་མན་སྲིད་གཞུང་གི་མགྲིན་ཚབ་པས་བསྟན་དོན། འཇར་མན་གྱི་ཙུང་ལི་ཧྲུའུ་ཨར་ཚིའི་ཉིན་དེའི་སྔ་དྲོའི་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་མངོན་མོད། མིག་སྔར་ནད་རྟགས་ཡང་བས་རང་ཁྱིམ་དུ་ལོགས་སུ་བཀར་ཡོད།

ཧྲུའུ་ཨར་ཚི་ཟླ9པའི་ཚེས24ཉིན་དང25ཉིན་ཚོགས་པ་ཁྲིད་དེ་མཚོ་འགག་རྒྱལ་ཁབ་ཁག་ལ་འཚམས་འདྲིར་ཕྱིན་པ། ཤེས་གསལ་ལྟར་ན། ཧྲུའུ་ཨར་ཚིའི་ཉིན2རིང་གི་པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་རེད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།