ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་བྱང་ཕྱོགས་ས་ཁུལ་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་དཔོན་རིགས་ཀྱིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་པཱ་ཏཱ་ཧི་ཧྲང་ཞིང་ཆེན་ནས་ཉིན་དེར་འགས་གཏོར་དོན་རྐྱེན་ཞིག་བྱུང་སྟེ། མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག་ཟེར། 

པཱ་ཏཱ་ཧི་ཧྲང་ཞིང་ཆེན་གྱི་རིག་གནས་དང་ཆ་འཕྲིན་སྡེ་ཁག་གི་འགན་ཁུར་བ་ཨེ་ཧཱ་མེད་ཏིས་ཀྱིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་པཱ་ཏཱ་ཧི་ཧྲང་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཧྥ་ཀྲ་པཱ་ཏི་གྲོང་ཁྱེར་ནས་བྱུང་ཟེར། ཨ་ཧྥུའུ་ཧན་གྱི་བདེ་འཇགས་མི་སྣས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད། 

མིག་སྔར་མི་སྒེར་དང་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།