ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་དམག་ཕྱོགས་ཀྱིས་ཁྲའོ་ཞན་གྱིས་ཁྲའོ་ཞན་ཕྱེད་གླིང་ཤར་ངོས་ཀྱི་མཚོ་ཁོངས་ཕྱོགས་སུ་འཕུར་མདའ་གཏོང་འཕེན་བྱས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཁྲའོ་ཞན་གྱིས་ཉིན་དེར་ཁྲའོ་ཞན་ཕྱེད་གླིང་ཤར་ངོས་ཀྱི་མཚོ་ཁོངས་ཕྱོགས་སུ་ཐུང་འཕེན་འཕུར་མདའ་ཞིག་གཏོང་འཕེན་བྱས་ཟེར། 

ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་ཉིན་དེར་སྨྱན་བྱད་ལ་བཤད་རྒྱུར། འཕུར་མདའ་གཏོང་འཕེན་བྱས་པའི་དུས་ཚོད་ནི་ཞོགས་པའི་དུས་ཚོད་དྲུག་དང་སྐར་མ་ང་གསུམ་སྟེང་ཁྲའོ་ཞན་གྱི་ཞི་བདེ་བྱང་ལམ་བརྒྱུད་ནས་གཏོང་འཕེན་བྱས་པ་དང་། ཧན་གོའི་དམག་ཕྱོགས་ཀྱིས་ལྟ་རྟོག་དོགས་ཟོན་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། །  

རྩོམ་སྒྲིག་པ། : བདེ་ལེགས་མཚོ།