ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཨིག་ཧི་ཨིག་མངའ་སྡེའི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭ་ཞིག་ནས་མེ་སྐྱོན་བྱུང་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་རྡོ་སྣུམ་ཀུང་ཟིའི་ཨ་མེ་རི་ཁའི་ཡན་ལག་ཀུང་ཟི་ཡིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཀུང་ཟི་དེའི་ཨ་མེ་རི་ཁའི་ཨིག་ཧི་ཨིག་མངའ་སྡེ་རུ་ཡོད་པའི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭ་ཞིག་ཏུ་ཉེ་སྔོན་མེ་སྐྱོན་བྱུང་སྟེ། ལས་བཟོ་བ་གཉིས་རྐྱེན་ལམ་དུ་ཤོར་ཟེར། 

ཀུང་ཟི་དེས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། མེ་སྐྱོན་དེ་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་བསད་པ་དང་། རྡོ་སྣུམ་བཙོ་སྦྱང་བཟོ་གྲྭའི་སྒོ་བརྒྱབ་ཡོད་ཟེར། 

སྨྱན་བྱད་ཀྱིས་སྤེལ་བའི་བརྙན་རིས་ལས་མངོན་པ་ལྟར་ན། ཚེས་ཉི་ཤུ་ཉིན་གྱི་དགོང་མོར་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭ་དེར་དུད་ནག་ལྷོག་ལྷོག་ཏུ་འཕྱུར་བ་དང་། མེ་སྐྱོན་གྱི་མེ་ཤུགས་ཧ་ཅང་ཆེ། མིག་སྔར་ད་རུང་མེ་སྐྱོན་དེའི་འབྱུང་རྐྱེན་དང་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་པའི་གནས་ཚུལ་གསལ་བོར་མི་ཤེས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།