མོ་སི་ཁོའི་བརྗེ་ཚོང་ཁྲོམ་རའི་ཕྱི་དངུལ་ཁྲོམ་རར་དབྱིན་སྒོར་བརྗེ་འཚོང་བྱེད་མཚམས་འཇོག་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོ་སི་ཁོའི་བརྗེ་འཚོང་ཁྲོམ་རས་ཚེས20ཉིན་གྱི་དགོང་མོར་སྤྱི་བསྒྲགས་སྤེལ་བར། 2022ལོའི་ཟླ10པའི་ཚེས3ཉིན་ནས་མོ་སི་ཁོའི་བརྗེ་ཚོང་ཁྲོམ་རའི་ཕྱི་དངུལ་ཁྲོམ་རར་དབྱིན་སྒོར་བརྗེ་ཚོང་བྱེད་མཚམས་འཇོག་རྒྱུ་ཡིན་ཞེས་བཤད། བརྗེ་ཚོང་བྱེད་མཚམས་བཞག་པའི་ནང་དབྱིན་སྒོར་དང་ལུའུ་པུའུ་དང་། དབྱིན་སྒོར་དང་ཨ་སྒོར་བར་གྱི་དུས་ཐུང་དུས་རིང་གི་བརྗེ་ཚོང་ཚོང་རའི་ཕྱི་ནང་དུ་བརྗེ་ཚོང་བྱེད་པའི་རིགས་གནས་སྐབས་མཚམས་འཇོག་རྒྱུ་རེད།   །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།