ཀྲུང་གོ་བོད་ཀྱི་དྲ་བ།

གནམ་འདྲི་རྟགས་ཅན་དང་པོའི་རྒྱུ་སྐར་མིག་དམར་འཚོལ་ཞིབ་ལས་སྒྲུབ་ཚོགས་པར2022ལོའི་ལོ་འཁོར་གྱི་འཛམ་གླིང་འཕུར་སྐྱོད་བྱ་དགའ་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་དྲ་བའི་གློག་འཕྲིན་ལྟར་ན། ཉེ་ཆར། ཧྥ་རན་སིའི་ཕ་རི་སིར་འཚོགས་པའི་སྐབས73པའི་རྒྱལ་སྤྱིའི་འཇིག་རྟེན་འཕུར་སྐྱོད་ཚོགས་ཆེན་སྟེང་། རང་རྒྱལ་གྱི་གནམ་འདྲི་རྟགས་ཅན་དང་པོའི་རྒྱུ་སྐར་མིག་དམར་འཚོལ་ཞིབ་ལས་སྒྲུབ་ཚོགས་པར་རྒྱལ་སྤྱིའི་འཇིག་རྟེན་མཁའ་སྐྱོད་མཉམ་འབྲེལ་ཚོགས་པའི2022ལོའི་ལོ་འཁོར་གྱི་འཛམ་གླིང་འཕུར་སྐྱོད་བྱ་དགའ་ཐོབ། འཛམ་གླིང་མཁའ་སྐྱོད་བྱ་དགའ་ནི་རྒྱལ་སྤྱིའི་འཇིག་རྟེན་མཁའ་སྐྱོད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་འཁོར་བྱ་དགའ་མཐོ་ཤོས་ཡིན་པ་དང་། དེའི་སྔོན་དུ་ཟླ་བའི་ལྷ་མོ་རྟགས་ཅན་བཞི་པའི་ལས་སྒྲུབ་ཚོགས་པར2020ལོར་བྱ་དགའ་དེ་ཐོབ་ཡོད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།