ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དུང་ཕྱུར་དྲུག་དང་ས་ཡ་དགུ་འབུམ་བརྒྱད་ཁྲི་བཞི་སྟོང་བརྒྱད་བརྒྱད་བརྒྱ་ང་གཉིས་ལ་སླེབས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློོག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉི་ཤུ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་པ་ལྟར་ན། འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དུང་ཕྱུར་དྲུག་དང་ས་ཡ་དགུ་འབུམ་བརྒྱད་ཁྲི་བཞི་སྟོང་བརྒྱད་བརྒྱད་བརྒྱ་ང་གཉིས་ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་གསར་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་བཅུ་གསུམ་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྔ་ཉིན་ལས་འབུམ་གཉིས་ཁྲི་བརྒྱད་སྟོང་གཅིག་བདུན་བརྒྱ་དགུ་བཅུ་ཇེ་མང་དུ་སོང་ནས་བསྡོམས་པས་ནད་པ་དུང་ཕྱུར་དྲུག་དང་ས་ཡ་བདགུ་འབུམ་བརྒྱད་ཁྲི་བཞི་སྟོང་བརྒྱད་བརྒྱད་བརྒྱ་ང་གཉིས་ལ་སླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་དྲུག་བརྒྱ་དང་བཅུ་བདུན་ཇེ་མང་དུ་སོང་སྟེ་བསྡོམས་པས་ས་ཡ་དྲུག་དང་འབུམ་ལྔ་སྟོང་བདུན་དང་གཉིས་ལ་སླེབས་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།