ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་དང་ཨ་མེ་རི་ཁས་བཙོན་མ་བརྗེ་སྤོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་ཚེས་བཅུ་དགུ་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་དང་ཨ་མེ་རི་ཁའི་འཐུས་མིས་ཉིན་དེའི་སྔ་དྲོར་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་གྱི་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་བཙོན་མ་བརྗེ་སྤོར་བྱས། 

ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེན་ཚབ་མ་མུའུ་ཐཱ་ཅི་ཡིས་ཚེས་བཅུ་དགུ་ཉིན་ཁཱ་པོར་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་ཨ་ཧྥུའུ་ཧན་གྱི་སྤྱི་དམངས་ཧཱ་ཅི་པཱ་ཞེ་ཨར་ནོའུ་ཨར་ཀྲ་དབྱེ་བཙོན་གྲོལ་བཏང་སྟེ། ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གིས་བཙོན་གྲོལ་བཏང་བའི་ཨ་མེ་རི་ཁའི་སྤྱི་དམངས་མཱ་ཁི་ཧྥོ་ལོས་ལི་ཞེ་སི་དང་བརྗེ་སྤོར་བྱས་ཟེར། ཕྱོགས་གཉིས་ཀྱིས་ཉིན་དེར་ཁཱ་པོར་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་བཙོན་མ་བརྗེ་སྤོར་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས་པ་རེད། 

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། མཱ་ཁི་ཧྥོ་ལོས་ལི་ཞེ་སི་བཙོན་གྲོལ་བཏང་བ་བདེན་དཔང་བྱས་པ་དང་། དོན་དེའི་ཐད་འབད་འབུངས་བྱས་པའི་ཨ་མེ་རི་ཁའི་སྲིད་གཞུང་དང་གྲོགས་པོའི་རྒྱལ་ཁབ་སྲིད་གཞུང་གི་འབྲེལ་ཡོད་མི་སྣར་བཀའ་དྲིན་ཞུས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།