ཀྲུང་གོ་བོད་ཀྱི་དྲ་བ།

ཙན་པུ་ཡཱའི་བྱང་ཕྱོགས་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཙན་པུ་ཡཱའི་བྱང་ཕྱོགས་ཞིང་ཆེན་གྱི་ཨིན་སཱ་མཱ་ས་ཁུལ་དུ་ཚེས་བཅུ་དགུ་ཉིན་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་ཅུ་ལྷག་ལ་རྨས་ཕོག་ཡོད། 

ཙན་པུ་ཡཱའི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཅུའུ་ཡིས་ཚེས་བཅུ་དགུ་ཉིན་བཤད་རྒྱུར། འགྲིམ་འགྲུལ་དོན་རྐྱེན་བྱུང་ས་དེ་རྒྱལ་ས་ལུའུ་སཱ་ཁཱ་དང་བར་ཐག་སྤྱི་ལེ་སྟོང་གཅིག་ཙམ་ཡོད་པ་དང་། བྱ་འགུལ་ལ་ཞུགས་པའི་བུད་མེད་ང་བརྒྱད་དྲུད་པའི་དངོས་སྐྱེལ་རླངས་འཁོར་ཆུང་བ་ཞིག་ཉིན་དེའི་ཞོགས་པའི་དུས་ཚོད་གཅིག་ཡས་མས་སུ་ཐུར་ལམ་ཞིག་བརྒྱུད་སྐབས་ཁ་ལོ་བྱེད་ཐབས་བྲལ་ནས་རླངས་འཁོར་ལོག་སྟེ་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པ་རེད། དོན་རྐྱེན་བྱུང་རྗེས། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། སྡེ་ཁག་དེས་མི་སྣ་མངག་ནས་ཡུལ་དངོས་ནས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་ཞིབ་ཏུ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

ཙན་པུ་ཡཱའི་ཙུང་ཐུང་ཞེ་ཆི་ལའེ་མཱ་ཡིས་གསལ་སྒྲོག་སྤེལ་ཏེ། དོན་རྐྱེན་ཁྲོད་ཀྱི་འདུས་པོར་མྱ་ངན་ཞུས་པ་དང་། འདས་པོའི་ཁྱིམ་མི་དང་རྨས་མ་དག་ལ་འཚམས་འདྲི་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།