ཀྲུང་གོ་བོད་ཀྱི་དྲ་བ།

ནེ་པཱ་ལཱ་རུ་བསྟུད་མར་དྲག་ཆར་བབས་ཏེ་མི་བརྒྱ་དང་ཞེ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་པཱ་ལཱའི་ནང་སྲིད་པུའུ་ཡིས་ཚེས་བཅུ་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཟླ་དྲུག་པའི་ཚུན་ལ། ནེ་པཱ་ལཱའི་ས་ཁུལ་མང་བོར་ཆར་བ་དྲག་པོ་བབས་ཏེ། ད་ལྟའི་བར་མི་བརྒྱ་དང་ཞེ་ལྔ་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། བསྟུད་མར་དྲག་ཆར་བབས་པ་ལས་མང་ཚོགས་མང་བོ་ཆུས་ཁུར་བ་དང་སྡོད་ཁང་ལ་རྡིབས་སྐྱོན་བྱུང་ཡོད། ཚེས་བཅུ་དྲུག་ཉིན་བར། མི་བརྒྱ་དང་ཞེ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་དོན་གཅིག་ལ་རྨས་ཕོག བསྡོམས་པས་མི་འབུམ་གཉིས་དང་ཁྲི་གཅིག་ལྷག་ལ་གནོད་འཚེ་ཐེབས་ཡོད་ལ། ཕྱུགས་ལས་དང་འདེབས་འཛུགས་ལས་རིགས་ཐད་གྱོང་གུད་ཆེན་པོ་བཟོས་ཡོད། དེའི་ནང་ནེ་པཱ་ལཱའི་ལྷོ་ཕྱོགས་ཀྱི་མཱ་ལཱ་ཏིས་དང་ཅིན་ཏི་ཨར་ས་ཁུལ་གཉིས་ལ་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེན་རེད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།