ཀྲུང་གོ་བོད་ཀྱི་དྲ་བ།

འབར་མའི་དབུས་ཕྱོགས་ཀྱི་མན་ཏི་ལེ་ཞིང་ཆེན་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་ཉེར་གསུམ་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འབར་མའི་དབུས་ཕྱོགས་ཀྱི་མན་ཏི་ལེ་ཞིང་ཆེན་དུ་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། བསྡོམས་པས་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་གསུམ་ལ་རྨས་ཕོག

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་གསར་འགོད་པར་བཤད་རྒྱུར། ཉིན་དེའི་དགོང་མོའི་དུས་ཚོད་བརྒྱད་ཡས་མས་སུ། མན་ཏི་ལེ་ཞིང་ཆེན་མངའ་ཁོངས་ཀྱི་གྲོང་རྡལ་གྱི་གཞུང་ལམ་ཞིག་གི་སྟེང་། འགྲུལ་སྐྱེལ་རླངས་འཁོར་དེ་རླངས་འཁོར་གཞན་ཞིག་གི་སྔོན་དུ་འབུད་སྐབས་ཁ་གཏད་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་ཐོ་བརྒྱབ་པ་དང་། ཁ་ལོ་བས་གློ་བུར་དུ་ཁ་ལོ་བསྒྱུར་བས་ལམ་འགྲམ་གྱི་རླངས་འཁོར་གཞན་ཞིག་ལ་ཐོ་བརྒྱབ་སྟེ། མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་སྨན་ཁང་དུ་བསྐྱལ་ཡང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར་བ་རེད། 

དོན་རྐྱེན་བྱུང་རྗེས། ས་དེའི་རྒུད་སྐྱོབ་རྩ་འཛུགས་ཀྱིས་མྱུར་སྐྱོར་རླངས་འཁོར་བཀོལ་ནས་རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་དུ་བཅུག 

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། འགྲུལ་སྐྱེལ་རླངས་འཁོར་དེ་གཉིས་ཀྱིས་སོ་སོར་འགྲུལ་བ་ཉི་ཤུ་ཡས་མས་རེ་དྲུད་ཡོད་པ་དང་། བསྡོམས་རྩིས་བྱས་པ་ལྟར་ན། ཐེངས་འདིའི་དོན་རྐྱེན་ལས་མི་ཉེར་གསུམ་ལ་རྨས་ཕོག་ཡོད་ལ། མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་བའི་འགྲུལ་སྐྱེལ་རླངས་འཁོར་དེ་གཉིས་ཀྱི་ཁ་ལོ་བར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།