ཀྲུང་གོ་བོད་ཀྱི་དྲ་བ།

སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཨན་ཏི་སུང་གིས་ལས་འགན་མི་ཁུར་བའི་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་དགུ་བའི་ཚེས་བཅུ་བཞི་ཉིན། སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཨན་ཏི་སུང་སི་ཏི་ཀི་ཨར་མའོ་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས། 

2.jpg

ཟླ་དགུ་བའི་ཚེས་བཅུ་བཞི་ཉིན། སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཨན་ཏི་སུང་སི་ཏི་ཀི་ཨར་མའོ་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཨན་ཏི་སུང་གིས་ཚེས་བཅུ་བཞི་ཉིན་ལས་འགན་མི་ཁུར་བའི་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཉིས་སྟོང་ཉེར་གཉིས་ལོའི་གྲོས་ཁང་གི་འདེམ་བསྐོའི་ཁྲོད་ཕམ་ཉེས་བྱུང་བ་ཁས་ལེན་བྱས། 

ཨན་ཏི་སུང་གིས་ཉིན་དེའི་དགོང་མོར་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གོང་གི་ཆོད་དོན་དེ་ཁྱབ་བསྒྲགས་བྱས་པ་རེད། ཁོ་མོས་བཤད་རྒྱུར། ལས་འགན་མི་ཁུར་བའི་དགོངས་ཞུ་དེ་ཚེས་བཅོ་ལྔ་ཉིན་སུའེ་ཏེན་གྱི་གྲོས་དཔོན་ཨན་ཏི་ལེ་ཡཱ་སི་ནོའུ་ལོན་ལ་སྤྲོད་རྒྱུ་ཡིན་པ་དང་། ཁོའི་ཆོག་མཆན་ཐོབ་པར་རེ་བཞིན་ཡོད་ལ། ལས་འགན་མི་ཁུར་བའི་དགོངས་ཞུའི་རྗེས་མཐུད་ཀྱི་ལས་རིམ་དེ་གྲོས་ཁང་ལ་ཐག་གཅོད་བྱེད་དུ་འཇུག་དགོས་ཟེར། 

ཨན་ཏི་སུང་གིས་བསྟན་དོན། ཞི་འཇམ་མཉམ་འབྲེལ་ཏང་གིས་མགོ་ཁྲིད་པའི་ངོ་རྒོལ་ཏང་གི་ཕྱོགས་ཁག་ལ་ཐེངས་འདིའི་གྲོས་ཁང་གི་འདེམ་བསྐོའི་ཁྲོད་བར་ཁྱད་ཉུང་ཙམ་གྱིས་འདེམ་ཤོག་མང་ཆེ་བ་ཐོབ་ཡོད་ཀྱང་། སྲིད་གཞུང་གསར་བ་མ་བཙུགས་གོང་། ཁོ་མོས་མུ་མཐུད་དུ་བར་བརྒལ་སྲིད་གཞུང་ལ་མགོ་ཁྲིད་བྱེད་དགོས། ཁོ་མོས་གཡས་ཕྱོགས་སྲིད་ཏང་སུའེ་ཏེན་དམངས་གཙོ་ཏང་སུའེ་ཏེན་གྱི་ཏང་ཁག་ཆེན་མོ་གཉིས་པར་གྱུར་བར་སེམས་ཁུར་བྱེད་བཞིན་ཡོད། 

སུའེ་ཏེན་གྲོས་ཁང་ལ་བསྡོམས་པས་ལས་གནས་སུམ་བརྒྱ་དང་ཞེ་དགུ་ཡོད་པ་དང་། ལོ་བཞིའི་ནང་འདེམ་བསྐོའི་བྱ་འགུལ་ཐེངས་རེ་སྤེལ་བཞིན་ཡོད། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཅིག་པར། སྐབས་དེའི་སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ལེ་ཝུན་གྱིས་སྤྱི་ཚོགས་དམངས་གཙོ་ཏང་གི་ཏང་གཙོ་དང་དབུ་བཞུགས་བློན་ཆེན་གྱི་ལས་འགན་བསྐྱུར་བས། སྐབས་དེའི་ནོར་སྲིད་བློན་ཆེན་ཨན་ཏི་སུང་སྤྱི་ཚོགས་དམངས་གཙོ་ཏང་གི་ཏང་གཙོ་གསར་བར་གྱུར་ནས་དབུ་བཞུགས་བློན་ཆེན་དུ་བདམས་པ་ཡིན་ལ། སུའེ་ཏེན་གྱི་བུད་མེད་དབུ་བཞུགས་བློན་ཆེན་ཐོག་མར་གྱུར་བ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།