ཀྲུང་གོ་བོད་ཀྱི་དྲ་བ།

​དབྱི་ལིང་དུ་སྡོད་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་ཕྱིར་ཏི་ཧེ་ལན་དུ་ལོག་ནས་ལས་འགན་སླར་གསོ་བྱས་པར་མ་ཟད་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཚེས་བཅུ་བཞི་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་དུ་སྡོད་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་ཀྲ་ཨ་པུས་ལོ་ངོ་དྲུག་གི་རྗེས་སུ་ཡང་བསྐྱར་ཏི་ཧེ་ལན་དུ་ལོག་ནས་ལས་འགན་སླར་གསོ་བྱས་པར་མ་ཟད། ཚེས་བཅུ་གསུམ་ཉིན་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་ལ་ཐུག་འཕྲད་བྱས་ཟེར།   ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བཤད་རྒྱུར། དབྱི་ལིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་འདུས་པའི་ཁྱིམ་མཚེས་རྒྱལ་ཁབ་ཚང་མའི་བར་གྱི་འབྲེལ་བ་རྒྱ་བསྐྱེད་པར་སྤྲོ་བ་ཡོད་པ་དང་། ས་ཁུལ་རང་གི་རྒྱལ་ཁབ་དག་གིས་ས་ཁུལ་གྱི་གཏན་འཇགས་ཆེད་དུ་མཉམ་ལས་བྱེད་དགོས་ཟེར།   ཀྲ་ཨ་པུས་ཀྱིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་ཚོང་ལས་ནུས་པ་ནི་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་རྒྱུ་རྐྱེན་གལ་ཆེན་རེད་ཟེར། ཁོས་ད་རུང་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་ལ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རགྱལ་ཁབ་ཀྱི་མཐོ་རིམ་དཔོན་པོའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། འབྲེལ་ཡོད་ཨུ་ཡོན་ལྷན་ཁང་འཛུགས་པ། རྒྱལ་ཁབ་གཉིས་ཀྱི་འཐུས་ཚབ་ཚོགས་པས་ཕན་ཚུན་འཚམས་འདྲི་བྱེད་པ་སོགས་ཐད་ཀྱི་ལྟ་ཚུལ་མཚམས་སྦྱོར་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།