ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་གྱི་ཨན་མན་ནས་སྡོད་དམངས་ཐོག་ཁང་ཞིག་ལ་རྡིབས་སྐྱོན་བྱུང་སྟེ་མི་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན། རྒུད་སྐྱོབ་མི་སྣས་ཅོར་ཏན་གྱི་རྒྱལ་ས་ཨན་མན་གྱི་སྡོད་དམངས་ཐོག་ཁང་རྡིབས་སྐྱོན་བྱུང་སའི་ཡུལ་དངོས་སུ་བྱ་བ་སྤེལ་བཞིན་པ། 

2.jpg

ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན། ཅོར་ཏན་གྱི་རྒྱལ་ས་ཨན་མན་གྱི་སྡོད་དམངས་ཐོག་ཁང་རྡིབས་སྐྱོན་བྱུང་སའི་ཡུལ་དངོས་སུ། རྒུད་སྐྱོབ་མི་སྣས་རྨས་མ་དག་མྱུར་སྐྱོབ་རླངས་འཁོར་ནང་འཇོག་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་གྱི་རྒྱལ་ས་ཨན་མན་གྱི་བརྩེགས་རིམ་བཞི་ཅན་ཅན་གྱི་སྡོད་དམངས་ཐོག་ཁང་ཞིག་ལ་ཚེས་བཅུ་གསུམ་ཉིན་རྡིབས་སྐྱོན་བྱུང་སྟེ། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་བདུན་ལ་རྨས་ཕོག

ཅོར་ཏན་སྤྱི་བའི་བདེ་འཇགས་སྡེ་ཁག་གིས་བསྟན་དོན། རྒུད་སྐྱོབ་དང་བདེ་འཇགས་ས་ཁུལ་དུ་སྐྱེལ་བའི་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ལ། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་ཧཱ་སུའུ་ནེ་ཡུལ་དངོས་སུ་སོང་ནས་རྒུད་སྐྱོབ་བྱ་བར་མཛུབ་སྟོན་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་སྡོད་དམངས་ཐོག་ཁང་རྡིབས་སྐྱོན་བྱུང་བའི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་དགོས་པའི་མཛུབ་སྟོན་གནང་། 

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་བའི་སྡོད་དམངས་ཐོག་ཁང་དེ་ལས་ནས་ལོ་མང་བོ་འགོར་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།