ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ཁི་སི་ཐན་གྱིས་རང་བཙན་ཐོབ་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་བསྡུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ8པའི་ཚེས14ཉིན་མང་ཚོགས་རྣམས་ཕ་ཁི་སི་ཐན་གྱི་རང་བཙན་ཉིན་མོར་རྟེན་འབྲེལ་ཞུ་པའི་བྱ་འགུལ་ནང་ཞུགས་སུ་འགྲོ་བཞིན་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས14ཉིན། ཕ་ཁི་སི་ཐན་གྱིས་རང་བཙན་ཐོབ་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་བསྡུས་པ་རེད།

ཉིན་དེར་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙི·ཤེ་ལི་ཧྥུའུ་ཡིས་རྒྱལ་ས་དབྱི་སི་ལམ་པོའི་ཀྲེན་ན་གྲོས་ཚོགས་ལྟེ་གནས་སུ་རྒྱལ་དར་སྒྲེང་བའི་མཛད་སྒོའི་ཐོག་སྐུ་ངོ་མས་རྒྱལ་དར་སྒྲེང་བ་རེད། ཕ་ཁི་སི་ཐན་གྱི་ནང་བློན་ཁང་གི་དཔོན་རིགས་དང་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་མི། དམག་ཕྱོགས་ཀྱི་མཐོ་རིམ་དཔོན་རིགས། སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་མི་སྣ་བཅས་གྲོས་ཚོགས་ལྟེ་གནས་སུ་བསྡུས་པའི་གཞུང་ཕྱོགས་ཀྱི་རྟེན་འབྲེལ་བྱ་འགུལ་ནང་ཞུགས།

པར་འདི་ནི་ཟླ8པའི་ཚེས13ཉིན་ཉེན་རྟོག་མི་སྣས་ཕ་ཁི་སི་ཐན་གྱི་རང་བཙན་ཉིན་མོར་རྟེན་འབྲེལ་ཞུ་པའི་བྱ་འགུལ་ནང་ཞུགས་བཞིན་པའི་རྣམ་པ་རེད།

ཞ་པ་ཙེ་ཡིས་རྒྱལ་དར་སྒྲེང་བའི་མཛད་སྒོའི་རྗེས་སུ་གཏམ་བཤད་སྤེལ་ཏེ། ཕ་ཁི་སི་ཐན་གྱི་ཆེས་རླབས་ཆེ་བའི་སྟོབས་ཤུགས་ནི་མི་དམངས་ཡིན་ལ་ལྷག་པར་དུ་རྒྱ་ཆེའི་གཞོན་ནུ་རེད་ཅེས་དང་། ཁོང་གིས་རྒྱལ་དམངས་ཡོངས་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་ཧུར་ཐག་སྒོས་ཕ་ཁི་སི་ཐན་འདི་ཉིད་དཔལ་འབྱོར་སྟོབས་ཆེན་ཅན་གྱི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱ་དགོས་ཞེས་འབོད་སྐུལ་གཏང་བ་རེད།

བསྟུད་མར་ཉིན་ཤས་རིང་། ཕ་ཁི་སི་ཐན་གྱི་ས་གནས་ཁག་ཏུ་རང་བཙན་ཐོབ་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྣ་ཚོགས་སྤེལ།

ཕ་ཁི་སི་ཐན་ནི་དེ་སྔ་དབྱིན་ཇིའི་ཁོངས་སུ་གཏོགས་པའི་རྒྱ་གར་གྱི་ཆ་ཤས་ཤིག་ཡིན་ཞིང་།1858ལོར་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པ་རེད། 1947ལོའི་ཟླ6པར་དབྱིན་ཇིས“མོང་པ་ཏུན་ཇུས་གཞི”ཁྱབ་བསྒྲགས་བྱས་ཏེ། རྒྱ་གར་དང་ཕ་ཁི་སི་ཐན་སོ་སོར་གྱེར་པ་རེད། ལོ་དེའི་ཟླ8པའི་ཚེས14ཉིན་ཕ་ཁི་སི་ཐན་གྱིས་རང་བཙན་ཐོབ་པ་ཁྱབ་བསྒྲགས་བྱས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།