ཨུ་རུ་སིའི་བདེ་འཇགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མཱེ་ཏི་བེ་ཅེ་ཧྥུའུ་ཡིས་ཕའེ་ལོ་ཞི་ཡིས་ཐེ་ཝན་དུ་གཡོ་བཅར་བྱས་པ་ནི་མངོན་སུམ་འཛེམ་མེད་ཀྱི་དཀྲུག་འཕེན་བྱ་སྤྱོད་ཅིག་ཡིན་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་བདེ་འཇགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མཱེ་ཏི་བེ་ཅེ་ཧྥུའུ་ཡིས་ཚེས་བཞི་ཉིན་ད་ལྟའི་ཨུ་རུ་སིའི་འཕྲིན་གཏོང་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཕའེ་ལོ་ཞི་ཡིས་ཐེ་ཝན་དུ་གཡོ་བཅར་བྱས་པ་ནི་མངོན་སུམ་འཛེམ་མེད་ཀྱི་དཀྲུག་འཕེན་བྱ་སྤྱོད་ཅིག་ཡིན་པ་དང་། ཐད་ཀར་དུ་ཨེ་ཤ་ཡཱའི་བདེ་འཇགས་ལ་གཏོར་བརླག་བཟོས་ཡོད་ཟེར། 

མཱེ་ཏི་བེ་ཅེ་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁསས་ཕྱོགས་གཅིག་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་ཁྱབ་བསྒྲགས་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཐབས་བརྒྱ་ཇུས་སྟོང་གིས་ཁ་བྲལ་སྟོབས་ཤུགས་ལ་ངན་སྐུལ་བྱེད་བཞིན་ཡོད་ཟེར། 

མཱེ་ཏི་བེ་ཅེ་ཧྥུའུ་ཡིས་ད་རུང་བཤད་རྒྱུར། ཕའེ་ལོ་ཞི་ཡིས་ཐེངས་འདིར་ཐེ་ཝན་དུ་གཡོ་བཅར་བྱས་པ་ནི་སྔོན་ནས་འཆར་འགོད་བྱས་པ་ཞིག་ཡིན་ལ། དམིགས་ཡུལ་ནི་ཨེ་ཡཱའི་གནས་བབ་ཛ་དྲག་ཏུ་བཏང་སྟེ་ཨ་མེ་རི་ཁ་རང་ཉིད་ཀྱི་ཁེ་ཕན་གཙོར་འཛིན་པའི་ཆེད་དུ་རེད་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།