ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་བོའི་སྲིད་ཏང་གི་མགོ་ཁྲིད་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་འགན་ཁུར་བས་ཕའེ་ལོ་ཞི་ཡིས་ཀྲུང་གོའི་ཐེ་ཝན་ས་ཁུལ་དུ་གཡོ་བཅར་བྱས་པར་མངོན་སུམ་གྱིས་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་མང་བོའི་སྲིད་ཏང་གི་མགོ་ཁྲིད་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་འགན་ཁུར་བས་ཟླ་བརྒྱད་པའི་ཚེས་བཞི་ཉིན་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ལ་འཕྲིན་ཡིག་བསྐུར་ཏེ། ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གི་གྲོས་དཔོན་ཕའེ་ལོ་ཞི་ཡིས་ཀྲུང་གོའི་ཐེ་ཝན་ས་ཁུལ་དུ་གཡོ་བཅར་བྱས་པར་མངོན་སུམ་གྱིས་ངོ་རྒོལ་བྱས་པ་དང་། ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཚང་ཡོང་བར་སྲུང་སྐྱོབ་བྱེད་པའི་བྱ་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། 

ཁུ་པཱ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་བསྟན་དོན། ཁུ་པཱ་ཡིས་ཀྲུང་གོའི་མངའ་ཁོངས་ཆ་ཚང་ཡོང་བ་དང་བདག་དབང་ལ་གཏོར་བརླག་བྱེད་རྩིས་ཡོད་པའི་བྱ་སྤྱོད་གང་རུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཟེར། 

ནི་ཁཱ་ར་ཀྭའི་ཙུང་ཐུང་ཨོ་ཨར་ཐི་ཅཱ་ཡིས་བསྟན་དོན། ཨ་མེ་རི་ཁའི་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་དང་ཨ་མེ་རི་ཁ་ཕྱོགས་ཀྱིས་བཀོད་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་སྤྱི་སྒྲོག་ཏུ་ཁས་ལེན་བྱས་པའི་ཀྲུང་གོ་གཅིག་གི་རྩ་དོན་སྣང་མེད་དུ་བསྐྱུར་ཏེ། མངོན་སུམ་འཛེམ་མེད་ཀྱིས་ཀྲུང་གོའི་བདག་དབང་ལ་ངོ་རྒོལ་བྱས་པ་ལས་ཨ་མེ་རི་ཁ་ཕྱོགས་ཀྱི་ཁ་བཤད་ཚིག་གནས་མིན་པའི་བཙན་དབང་བྱ་སྤྱོད་གསལ་རྗེན་དུ་མངོན་ཡོད་ཟེར། 

ཨུ་རུ་སིའི་གཅིག་གྱུར་ཨུ་རུ་སིའི་ཏང་གི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀི་ལོས་ཙི་ལོའོ་ཧྥུའུ་ཡིས་བཤད་རྒྱུར། ཕའེ་ལོ་ཞི་ཡིས་ཀྲུང་གོའི་ཐེ་ཝན་དུ་གཡོ་བཅར་བྱས་པ་ནི་ཀྲུང་གོར་མངོན་སུམ་འཛེམ་མེད་ཀྱིས་དཀྲུག་འཕེན་བྱས་པ་རེད། འཛམ་གླིང་སྟེང་ཀྲུང་གོ་གཅིག་མ་གཏོགས་མེད་ལ། ཐེ་ཝན་ནི་ཀྲུང་གོའི་ཁ་འབྲལ་དུ་མེད་པའི་མངའ་ཁོངས་ཀྱི་ཁག་ཅིག་ཡིན་ཟེར། 

དེ་ལས་གཞན་ནེ་པཱ་ལའི་ཚོགས་ཆེན་ཏང་དང་ནེ་པཱ་ལཱའི་གུང་ཁྲན་ཏང་། ནེ་པཱ་ལཱའི་ཞིང་བཟོ་ཏང་། ནེ་པཱ་ལེའི་མི་རིགས་དམངས་གཙོ་ཏང་། ལེ་པཱ་ནུན་རང་རྒྱལ་དམངས་འཐབ་ཕྱོགས། སེ་ནེ་ཀལ་རང་བཙན་ངལ་རྩོལ་ཏང་། ཐན་སིང་ནི་ཡཱའི་གསར་བརྗེའི་ཏང་། ཝུ་ར་ཀུའེ་གུང་ཁྲན་ཏང་། ཨུ་རུ་སིའི་དྲང་བདེན་ཨུ་རུ་སི་དང་རྒྱལ་གཅེས་མཁན་གྱི་བདེན་ལུགས་ཆེད་དུ་ཞེས་པའི་ཏང་། ཅི་ལི་པཱ་སིའི་ཅི་ལི་པཱ་སིའི་གཅེས་སྐྱོང་ཏང་། ཧན་གོའི་དུས་རབས་ཉེར་གཅིག་པའི་ཧན་གོ་དང་ཀྲུང་གོའི་བརྗེ་རེས་མཐུན་ཚོགས། ཁམ་ཕུ་ཀྲེ་དམངས་ཁྲོད་སྤྱི་ཚོགས་རྩ་འཛུགས་མནའ་འབྲེལ་གྱི་གླེང་སྟེགས། སི་ལི་ལན་ཁཱ་དང་ཀྲུང་གོའི་དཔལ་འབྱོར་སྲིད་ཇུས་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་སྐུལ་འདེད་ཚོགས་པ། སོ་མཱ་ལིའི་ཀྲུང་གོའི་རྒྱལ་ཡོངས་ཉོ་ཚོང་ཨུ་ཡོན་ལྷན་ཁང་སོགས་སྲིད་ཏང་དང་སྤྱི་ཚོགས་རྩ་འཛུགས་ཀྱིས་ཀྱང་རྣམ་པ་མི་འདྲ་བའི་སྒོ་ནས་ཕའེ་ལོ་ཞི་ཡིས་ཀྲུང་གོའི་ཐེ་ཝན་ས་ཁུལ་དུ་གཡོ་བཅར་བྱས་པར་ངོ་རྒོལ་བྱས་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།