ཀྲུང་གོ་བོད་ཀྱི་དྲ་བ།

ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱའི་མཐའ་མཚམས་ས་ཁུལ་དུ་འཁྲུག་རྩོད་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱའི་མཐའ་མཚམས་ས་ཁུལ་དུ་ཚེས་གསུམ་ཉིན་འཁྲུག་རྩོད་བྱུང་བ་དང་། ཕྱོགས་གཉིས་ཀྱིས་ཕ་རོལ་བས་སྔར་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་གཏོར་བརླག་བྱས་པར་ཕན་ཚུན་སྐྱོན་འཛུགས་བྱས། 

ཨ་སེ་པེད་ཅང་གི་ཕྱི་འབྲེལ་པུའུ་ཡིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གནས་སྐབས་སུ་བཀོད་སྒྲིག་བྱས་པའི་ས་ཁོངས་ནང་། ཨེ་མེ་ནི་ཡཱའི་ཁྲིམས་འགལ་དྲག་ཆས་ཚོགས་པས་ཨ་སེ་པེད་ཅང་ལཱ་ཆན་ཕྱོགས་ཀྱི་གཡུལ་སར་མེ་མདས་བརྒྱབ་སྟེ་ཨ་སེ་པེད་ཅང་ཕྱོགས་ཀྱི་མི་གཅིག་རྐྱེན་ལམ་དུ་ཤོར་ཟེར། 

ཨེ་མེ་ནི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཀྱང་ཉིན་དེར་གསལ་སྒྲོག་སྤེལ་ནས། ཨ་སེ་པེད་ཅང་གི་དམག་དཔུང་གིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་སྒོ་ནས་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་དུ་དཀྲུག་འཕེན་བྱས་ཏེ་ཨེ་མེ་ནི་ཡཱའི་མི་སྣར་ཤི་རྨས་བཟོས་པར་སྐྱོན་འཛུགས་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།