རྒྱལ་ཁབ་མང་བོའི་ཚན་རིག་ཞིབ་འཇུག་མི་སྣས་ནམ་ཟླའི་འགྱུར་ལྡོག་ལས་འབྱུང་སྲིད་པའི་གནོད་འཚེ་རང་བཞིན་གྱི་མཇུག་འབྲས་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་མང་བོའི་ཚན་རིག་ཞིབ་འཇུག་མི་སྣས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་མཉམ་འབྲེལ་གྱིས་ཨ་མེ་རི་ཁའི་རྒྱལ་ཁབ་ཚན་རིག་གླིང་གི་སློབ་གླིང་ཚགས་པར་ཞེས་པའི་དུས་དེབ་སྟེང་རྩོམ་ཡིག་སྤེལ་ཏེ། མིག་སྔར་ཆེད་མཁས་པ་ཚོས་ནམ་ཟླའི་འགྱུར་ལྡོག་ལས་འབྱུང་སྲིད་པའི་གནོད་འཚེ་རང་བཞིན་གྱི་གནད་དོན་སྣང་མེད་དུ་བསྐྱུར་ཡོད་པ་དང་། གནོད་འཚེ་རང་བཞིན་གྱི་ནམ་ཟླའི་གནས་ཚུལ་ལ་དོ་སྣང་བྱས་ན་སྔོན་བརྡ་གཏོང་བའི་མ་ལག་འཛུགས་པར་སྐུལ་འདེད་གཏོང་ཐུབ་པའི་རེ་བ་ཡོད་ཟེར། 

བསྒྲགས་པ་ལྟར་ན། འཛམ་གླིང་ཡོངས་ཀྱི་ཚན་རིག་ཞིབ་འཇུག་མི་སྣ་བཅུ་གཅིག་གིས་རྩོམ་ཡིག་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་གཞུང་བར་གྱི་ནམ་ཟླའི་འགྱུར་ལྡོག་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་གནོད་འཚེ་རང་བཞིན་གྱི་ནམ་ཟླའི་འགྱུར་ལྡོག་ཐད་ནས་ཆེད་དོན་གྱི་ཚན་རིག་སྙན་ཞུ་ཞིག་བཏོན་ནས། ཚང་མར་ཆེས་སྡུག་པའི་གནས་ཚུལ་འབྱུང་སྲིད་པའི་དོན་ལ་དོ་སྣང་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་བཏང་། 

བསྒྲགས་པ་ལྟར་ན། དེ་ནི་ཆེས་སྡུག་པའི་གནས་ཚུལ་ངེས་པར་དུ་འབྱུང་སྲིད་པའི་ནང་དོན་མ་ཡིན་ལ། གནད་དོན་ནི་ཆེས་སྡུག་པའི་གནས་ཚུལ་འབྱུང་བའི་ཚད་ཅི་འདྲ་ཞིག་ཡིན་པ་སུས་ཀྱང་མི་ཤེས་པས་རེད། རྩོམ་ཡིག་གི་རྩོམ་པ་པོས་བསྟན་དོན། ཉེན་ཁའི་དབྱེ་ཞིབ་བཟང་བོ་ལས་འབྱུང་སྲིད་པའི་གནས་ཚུལ་དང་ཆེས་སྡུག་པའི་གནས་ཚུལ་ལ་བསམ་བློ་གཏོང་སྲིད་ཟེར། 

རྩོམ་ཡིག་གི་རྩོམ་པ་པོའི་ཡ་གྱལ། དབྱིན་ཇིའི་ཨེ་ཁི་སེ་ཐི་སློབ་ཆེན་གྱི་མཁས་པ་ཏིས་མུའུ་ལོན་ཏོན་གྱིས་བཤད་རྒྱུར། ནམ་ཟླའི་ཚན་རིག་གཙོ་བོ་དག་འབྱུང་སྲིད་པའི་གནས་ཚུལ་ལ་གཅིག་འདུས་སུ་གཞོལ་ཡོད་ཀྱང་། གནས་ཚུལ་དང་ཉེན་ཁ། ཉེན་ཁ་ཆེན་པོ་བཅས་ཐལ་དྲགས་པའི་བརྒྱུད་རིམ་ལ་དེ་འདྲའི་མཐོང་ཆེན་ཐོབ་མེད་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།