ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་ཡིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པ་བསྐྱར་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། མཱ་ཁི་ལུང་གིས་ཉིན་དེར་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ལ་ཁ་པར་བཏང་སྟེ། ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པ་བསྐྱར་བསྒྲགས་བྱས། སྤྱི་སྒྲོག་ལས་བཤད་རྒྱུར། མཱ་ཁི་ལུང་གིས་ཝུའུ་ཁི་ལན་གྱི་དམག་དོན་དང་མི་ཆོས་རིང་ལུགས། དཔལ་འབྱོར་དགོས་མཁོ་བཅས་ཀྱི་གནས་ཚུལ་དྲིས་པ་དང་། ཧྥ་རན་སི་ཡིས་མུ་མཐུད་དུ་ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་ལ་རྒྱབ་སྐྱོར་བྱེད་རྒྱུ་ཁས་ལེན་བྱས། ཝུའུ་ཁི་ལན་ལ་ཧྥ་རན་སིའི་གསོ་རིག་ཆེད་མཁས་ཚན་ཆུང་ཞིག་མངག་གཏོང་བྱས་རྗེས། ཧྥ་རན་སི་ཡིས་ད་རུང་སྤོ་སྒུལ་ཆོག་པའིDNAདབྱེ་ཞིབ་ཚོད་ལྟ་ཁང་ཞིག་ཞལ་འདེབས་སུ་ཕུལ་བ་དང་། མུ་མཐུད་དུ་ཁྱབ་ཁོངས་དེར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།