ཀྲུང་གོ་བོད་ཀྱི་དྲ་བ།

སི་ཕན་གྱི་དབུ་བཞུགས་བློན་ཆེན་གྱིས་ཨར་པཱ་ནི་ཡཱ་ཡིས་མུ་མཐུད་དུ་བཅོས་བསྒྱུར་བྱས་ཏེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་བརྒྱད་པའི་ཚེས་གཅིག་ཉིན། ཨར་པཱ་ནི་ཡཱའི་ཙུང་ལི་ལཱ་མཱ་ཡིས་ཏིས་ལཱ་ནཱ་ནས་འཚམས་འདྲིར་ཡོང་བའི་སི་ཕན་གྱི་དབུ་བཞུགས་བློན་ཆེན་སིང་ཆེ་སི་དང་མཉམ་དུ་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་ཕན་གྱི་དབུ་བཞུགས་བློན་ཆེན་སིང་ཆེ་སི་ཡིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་བསྟན་དོན། སི་ཕན་གྱིས་ཨར་པཱ་ནི་ཡཱ་ཡིས་མུ་མཐུད་དུ་བཅོས་བསྒྱུར་བྱས་ནས། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་བཏང་སྟེ་མཇུག་མཐར་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། 

སིང་ཆེ་སི་ཡིས་ཉིན་དེར་ཨར་པཱ་ནི་ཡཱའི་རྒྱལ་ས་ཏིས་ལཱ་ནཱ་ནས་ཨར་པཱ་ནི་ཡཱའི་ཙུང་ལི་ལཱ་མཱ་དང་གྲོས་མོལ་བྱས། སིང་ཆེ་སི་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདིའི་སྟེང་བཤད་རྒྱུར། སི་ཕན་དང་ཨར་པཱ་ནི་ཡཱ་ཡིས་ཁྲིམས་འཛིན་སྡེ་ཁག་དང་དེ་མིན་རྨང་གཞིའི་སྒྲིག་ཆས། གནས་སྐོར། ནུས་ཁུངས་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་ཟེར། 

སིང་ཆེ་སི་ཡིས་ཉིན་དེར་ད་རུང་ཨར་པཱ་ནི་ཡཱའི་ཙུང་ཐུང་པེ་ཅཱ་དབྱེ་དང་གྲོས་མོལ་བྱས། 

ཨར་པཱ་ནི་ཡཱ་ནི་སིང་ཆེ་སིའི་པཱ་ཨར་ཀན་ནུབ་མའི་འགྲུལ་བཞུད་ཀྱི་ཆེས་མཇུག་མཐའི་ས་ཚིགས་ཡིན་པ་དང་། དེའི་སྔོན་ཁོས་སེར་ཝེ་ཡཱ་དང་པའོ་ཧེ། ཧེ་ཧྲན། མཱ་ཆི་ཏོན་བྱང་མ་བཅས་ལ་འཚམས་འདྲི་བྱས་པ་རེད། 

ཟླ་བདུན་པའི་ཚེས་བཅུ་དགུ་ཉིན། ཡོ་རོབ་གླིང་མནའ་འབྲེལ་དང་ཨར་པཱ་ནི་ཡཱ། མཱ་ཆི་ཏོན་བྱང་མ་བཅས་ཀྱིས་པུའུ་ལུའུ་སེར་ནས་སྲིད་གཞུང་བར་གྱི་གྲོས་ཚོགས་བསྡུས་ཏེ། རྒྱལ་ཁབ་དེ་གཉིས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་དངོས་སུ་མགོ་བརྩམས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།