པུར་ཀ་རི་ཡཱའི་ཙུང་ཐུང་གིས་ལྟ་སྐྱོང་སྲིད་འཛིན་ལས་ཁུངས་ཀྱི་ཙུང་ལི་བསྐོ་འཇོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པུར་ཀ་རི་ཡཱའི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཙུང་ཐུང་ལཱ་ཏི་ཧྥུའུ་ཡིས་ཙུང་ཐུང་བཀའ་རྒྱ་བཀོད་པ་ལྟར། ཚེས་གཉིས་ཉིན་རྒྱལ་དམངས་གྲོས་ཁང་གཏོར་རྒྱུ་ཡིན་པ་དང་། ཏའོ་ནེ་ཧྥུའུ་ལྟ་སྐྱོང་སྲིད་འཛིན་ལས་ཁུངས་ཀྱི་ཙུང་ལིར་བསྐོ་འཇོག་བྱས། 

ལྟ་སྐྱོང་སྲིད་འཛིན་ལས་ཁུངས་ཀྱིས་ཚེས་གཉིས་དངོས་སུ་ལས་འགན་ཁུར་རྒྱུ་རེད། ཏའོ་ནེ་ཧྥུའུ་ད་ལོར་ལོ་ང་ལྔ་ཡིན་པ་དང་། དེའི་སྔོན་པུར་ཀ་རི་ཡཱའི་ཙུང་ཐུང་གི་མི་གྲངས་དང་སྤྱི་ཚོགས་སྲིད་ཇུས་ཀྱི་དྲུང་ཡིག་གི་འགན་ཁུར་མྱོང་། གསལ་སྒྲོག་ལྟར་ན། པུར་ཀ་རི་ཡཱ་ཡིས་ཟླ་བཅུ་བའི་ཚེས་གཉིས་ཉིན་སྔ་སྣུར་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད། 

པུར་ཀ་རི་ཡཱའི་རྒྱལ་དམངས་གྲོས་ཁང་གིས་ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་ཙུང་ལི་ཕའེ་ཐི་ཁི་ཧྥུའུ་ཡིས་མགོ་ཁྲིད་པའི་སྲིད་གཞུང་གི་ཡིད་ཆེས་མེད་པའི་གྲོས་མཐུན་ལ་གྲོས་འཆམ་བྱུང་། དེའི་རྗེས་སུ་སྲིད་འཛིན་ལས་ཁུངས་ཀྱི་ཐོབ་ཐང་ཡོད་པའི་སྲིད་ཏང་དང་སྲིད་ཏང་མནའ་འབྲེལ་གྱིས་རྩ་འཛུགས་ཐེངས་གསུམ་བྱས་པར་ལེགས་འགྲུབ་བྱུང་མེད། པུར་ཀ་རི་ཡཱའི་རྩ་ཁྲིམས་ལྟར་ན། ཆེས་མཇུག་མཐར་ཕྱོགས་སོ་སོས་སྲིད་འཛིན་ལས་ཁུངས་གསར་བ་འཛུགས་པར་གྲོས་འཆམ་མ་བྱུང་། ཙུང་ཐུང་གིས་ལྟ་སྐྱོང་སྲིད་འཛིན་ལས་ཁུངས་བསྐོ་འཇོག་བྱས་ཏེ། ཡང་བསྐྱར་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པ་རེད། 

པུར་ཀ་རི་ཡཱའི་གྲོས་ཁང་གིས་གྲོས་ཁང་གཅིག་རྐྱང་ལམ་ལུགས་ལག་བསྟར་བྱེད་པ་དང་། གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ལོ་བཞིའི་ནང་ཐེངས་རེར་སྤེལ་བཞིན་ཡོད་ལ། ཕྱེད་གྲངས་བརྒལ་བའི་ལས་གནས་ཐོབ་པའི་སྲིད་ཏང་གིས་ཁེར་རྐྱང་དུ་སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱས་ཆོག་པ་རེད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།