ཕཱ་ཁི་སི་ཐན་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་གྱི་ཐོག་ཁང་ཞིག་རྡིབས་ནས་མི་བརྒྱད་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གྱི་གསར་འགྱུར་ལས་རིགས་ཀྱིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་བསྒྲགས་པ་ལྟར་ན། ཕཱ་ཁི་སི་ཐན་གྱིས་ཚོད་འཛིན་བྱེད་པའི་ས་ཁུལ་གྱི་ཐོག་ཁང་ཞིག་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གྱི་དགོང་མོར་རྡིབས་ནས། ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། འདས་པོ་མང་ཆེ་བ་བྱིས་པ་རེད་ཟེར། 

བསྒྲགས་པ་ལྟར་ན། ཁང་བའི་གདུང་མ་ཆག་ནས་ཁང་བ་རྡིབས་པ་ཡིན་ལ། དོན་རྐྱེན་བྱུང་སྐབས་ཐོག་ཁང་དེའི་ནང་མི་བཅུ་གཉིས་ཡོད་པ་རེད། ས་དེའི་སྡོད་དམངས་ཀྱིས་དོན་རྐྱེན་བྱུང་སར་སྔོག་བཤེར་བྱས་ཀྱང་དྲག་ཆར་བབས་པ་ལས་རྒུད་སྐྱོབ་བྱ་བར་དཀའ་ཁག་ཆེན་པོ་བཟོས་ཡོད་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།