ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་བསྟན་དོན། སི་རི་ཡཱ་དང་ཀྲུང་གོའི་འབྲེལ་བ་དེ་ཉེ་བའི་ལོ་འགའི་རིང་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། སི་རི་ཡཱ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་སྔར་ལས་ཇེ་བཟང་ཇེ་མགྱོགས་སུ་འགྲོ་བར་རེ་བ་བྱེད་བཞིན་ཡོད་ཟེར།
པཱ་ཧྲ་ཨར་གྱིས་ལས་གནས་དང་འབྲལ་ལ་ཉེ་བའི་སི་རི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧྥུན་པེའོ་ལ་ཐུག་འཕྲད་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་ཀྲུང་གོས་སི་རི་ཡཱའི་མི་དམངས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། སི་རི་ཡཱ་ཡིས་མུ་མཐུད་དུ་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་འབད་འབུངས་བྱེད་རྒྱུའི་ཚུལ་བསྟན།
ཧྥུན་པེའོ་ཡིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་སེམས་ཁུར་དང་མཛུབ་སྟོན་འོག ཀྲུང་གོ་དང་སི་རི་ཡཱའི་འབྲེལ་བར་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། ཀྲུང་གོ་དང་སི་རི་ཡཱའི་ཕན་ཚུན་གྱིས་སེམས་ཁུར་བྱེད་པའི་ཁེ་ཕན་གཙོ་བོར་འབྲེལ་བའི་གནད་དོན་ཐད་ནས་ཕན་ཚུན་རྒྱབ་སྐྱོར་བྱས་པ་དང་། རྒྱལ་ཁབ་གཉིས་བློ་ཐུབ་ཀྱི་གྲོགས་པོར་གྱུར་ཡོད་ཟེར། །