ཀྲུང་གོ་བོད་ཀྱི་དྲ་བ།

ཧྥི་ལི་ཕིན་གྱི་སྲིད་འཛིན་ཟུར་པ་ལ་མོ་སི་ཚེ་ལས་འདས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས31ཉིན། ཧྥི་ལི་ཕིན་གྱི་སྲིད་འཛིན་ཟུར་པ་ལ་མོ་སི་པྲོག་གསར་གློ་ཚད་ནད་དུག་གི་ཞོར་བྱུང་ནད་རྐྱེན་གྱིས་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལའི་སྨན་ཁང་ཞིག་ཏུ་ཚེ་ལས་འདས་ཤིང་དགུང་ལོ94རེད།

ལ་མོ་སི་ཡི་ཁྱིམ་མིས་ཉིན་དེའི་ཕྱི་དྲོར་ལ་མོ་སི་ཚེ་ལས་འདས་པའི་གསལ་བསྒྲགས་སྤེལ། དེ་མ་ཐག་ཧྥི་ལི་ཕིན་གྱི་སྲིད་འཛིན་མ་ཁོ་སི་ཡིས་གསལ་བསྒྲགས་སྤེལ་ཏེ་ལ་མོ་སི་ཡི་ཁྱིམ་མིར་འཚམས་འདྲི་ཞུས།

ལ་མོ་སི་ནི1928ལོར་སྐྱེས་ཤིང་། ཧྥི་ལི་ཕིན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཚན་མའོ་ཀྲང་དང་རྒྱལ་སྲུང་པུའུ་ཀྲང་གི་འགན་བཞེས་མྱོང་ལ། 1992ལོ་ནས1998ལོ་བར་ཧྥི་ལི་ཕིན་གྱི་སྲིད་འཛིན་གྱི་འགན་བཞེས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།