ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་རྒྱ་གར་གྱི་སྐོར་ཐེངས་བཅུ་དྲུག་པའི་འབུམ་དཔོན་རིམ་པའི་གྲོས་མོལ་ནས་ཐུན་མོང་ལྟ་ཚུལ་བཞི་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་རྒྱ་གར་གྱི་དམག་དཔུང་གིས་ཉེ་སྔོན་སྐོར་ཐེངས་བཅུ་དྲུག་པའི་འབུམ་དཔོན་རིམ་པའི་གྲོས་མོལ་སྤེལ་ཏེ། མཐའ་མཚམས་ས་ཁུལ་གྱི་འགལ་འབྲེལ་གནད་དོན་ཐག་གཅོད་བྱེད་པར་གྲོས་བསྡུར་བྱས། ཀྲུང་གོའི་རྒྱལ་སྲུང་པུའུ་གསར་འགྱུར་ཅུའུ་ཡི་ཅུའུ་ཀྲང་། རྒྱལ་སྲུང་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཝུའུ་ཆན་གྱིས་ཚེས་ཉེར་བརྒྱད་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཀྲུང་གོ་དང་རྒྱ་གར་གྱི་སྐོར་ཐེངས་བཅུ་དྲུག་པའི་འབུམ་དཔོན་རིམ་པའི་གྲོས་མོལ་ནས་ཐུན་མོང་གི་ལྟ་ཚུལ་བཞི་བཀོད་ཡོད་ཟེར། 

ཝུའུ་ཆན་གྱིས་བཤད་རྒྱུར། མིག་སྔར་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་གྱི་གནས་བབ་སྤྱིའི་ཆ་ནས་གཏན་འཇགས་ཡིན་པ་དང་། ཕྱོགས་གཉིས་ཀྱི་དམག་དོན་དང་ཕྱི་འབྲེལ་ཐབས་ལམ་གྱི་འབྲེལ་འདྲིས་མཚམས་ཆད་མྱོང་མེད། སྐོར་ཐེངས་འདིའི་འབུམ་དཔོན་རིམ་པའི་གྲོས་མོལ་ཁྲོད། ཕྱོགས་གཉིས་ཀྱིས་འཛུགས་སྐྲུན་རང་བཞིན་ལྡན་པ་དང་སྔོན་དཔག་རང་བཞིན་ལྡན་པའི་སྒོ་ནས་གྲོས་བསྡུར་བྱས་ཏེ་གཤམ་གྱི་ཐུན་མོང་གི་ལྟ་ཚུལ་བཞི་བྱུང་ཡོད། གཅིག་ནི་ཆབ་སྲིད་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབས་བྱེད་པ་དང་། གཉིས་ནི་ཆེ་ཕྱོགས་ལ་དམིགས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སླར་གསོ་འབྱུང་བར་སྐུལ་འདེད་གཏོང་བ། གསུམ་ནི་ཕན་ནུས་པའི་སྒོ་ནས་འགལ་བ་དོ་དམ་ཚོད་འཛིན་བྱས་ནས། གནད་དོན་ཐག་གཅོད་མ་བྱས་གོང་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ། བཞི་ནི་འབྲེལ་འདྲིས་དང་གྲོས་མོལ་སྲུང་འཛིན་བྱས་ཏེ། ཕྱོགས་གཉིས་ཀྱིས་དང་ལེན་ཐུབ་པའི་ཐག་གཅོད་ཇུས་གཞི་མྱུར་དུ་འགོད་པ་བཅས་རེད་ཟེར། ཙ།

རྩོམ་སྒྲིག་པ། : བདེ་ལེགས་མཚོ།