ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨུ་རུ་སིའི་མི་གཞུང་མཉམ་ལས་ཨུ་ཡོན་ལྷན་ཁང་སྨྱན་བྱད་མཉམ་ལས་ཡན་ལག་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་བ་བརྙན་རིས་སྦྲེལ་མཐུད་ཀྱི་ཐབས་ཀྱིས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨུ་རུ་སིའི་མི་གཞུང་མཉམ་ལས་ཨུ་ཡོན་ལྷན་ཁང་སྨྱན་བྱད་མཉམ་ལས་ཡན་ལག་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་བ་ཟླ་བདུན་པའི་ཚེས་ཉེར་བདུན་ཉིན་བརྙན་རིས་སྦྲེལ་མཐུད་ཀྱི་ཐབས་ཀྱིས་སྤེལ། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་གཙོ་གཉེར་སྡེ་ཁག་དང་། ཀྲུང་དབྱང་དང་ས་གནས་སྨྱན་བྱད། དེ་མིན་དྲ་རྒྱའི་བརྙན་རིས་ལས་ཁུངས་བཅས་ཀྱི་འཐུས་མི་བཞི་བཅུ་ལྷག་གྲོས་ཚོགས་ལ་ཞུགས། 

གྲོས་ཚོགས་ནས་ན་ནིང་གི་ཚུན་ལ་ཕྱོགས་གཉིས་ཀྱིས་མཉམ་ལས་སྤེལ་བའི་གནས་ཚུལ་ལ་ཕྱིར་དྲན་དང་སྤྱི་བསྡོམས་བྱས་པར་མ་ཟད་གདེང་འཇོག་ཆེན་པོ་བྱས། རྙོག་འཛིང་དང་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག རྒྱལ་ཁབ་གཉིས་ཀྱི་སྨྱན་བྱད་ཀྱིས་དཀའ་ཁག་ཁྱད་བསལ་དང་རོགས་ལས་ལ་ཤུགས་སྣོན་བྱེད་པར་གྲུབ་འབྲས་བཟང་བོ་ཐོབ་ཡོད་ཅིང་། གསར་འགྱུར་སྒྲོག་སྤེལ་དང་ནང་དོན་གསར་གཏོད། བྱ་འགུལ་ཆེ་གྲས་སོགས་ཀྱི་ཐད་ནས་ཕན་ཚུན་རྒྱབ་སྐྱོར་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཁེ་ཕན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཏེ། ཤུགས་ཆེན་པོས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ལ་ཞབས་འདེགས་ཞུས་ཡོད་པར་འདོད། ཕྱོགས་གཉིས་ཀྱིས་གྲོས་ཚོགས་ཀྱི་ནང་དོན་གནད་བསྡུས་དང་ཀྲུང་གོ་དང་ཨུ་རུ་སིའི་མི་གཞུང་མཉམ་ལས་ཨུ་ཡོན་ལྷན་ཁང་སྨྱན་བྱད་མཉམ་ལས་ཡན་ལག་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གཉིས་ལོ་ནས་ཉིས་སྟོང་ཉེར་གསུམ་ལོའི་བྱ་བའི་འཆར་གཞི་བཀོད། ཀྲུང་གོ་དང་ཨུ་རུ་སིའི་ན་གཞོན་གཞས་ཚོགས་དང་། ཀྲུང་གོ་དང་ཨུ་རུ་སིའི་གསར་འགྱུར་གཙོ་བོ། དྲ་རྒྱའི་སྨྱན་བྱད་གླེང་སྟེགས། བརྗོད་དོན་པར་རིས་འགྲེམ་སྟོན་སོགས་མཉམ་ལས་ལས་གཞི་གཙོ་བོ་བཞི་བཅུ་ལྷག་མཉམ་དུ་ལག་བསྟར་བྱེད་རྒྱུ་ཐག་བཅད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།