ཀྲུང་གོ་བོད་ཀྱི་དྲ་བ།

ཁུ་པཱ་ཡིས་བདུན་པའི་ཉེར་དྲུག་ཉིན་གྱི་རྒྱལ་ཁབ་འོས་ལངས་ཉིན་མོར་རྗེས་དྲན་བྱེད་པའི་དགའ་སྟོན་བྱ་འགུལ་རྒྱ་ཆེར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུ་པཱའི་མང་ཚོགས་ཁྲི་ཙམ་གྱིས་ཚེས་ཉེར་དྲུག་ཉིན་ཁུ་པཱའི་མཚོ་འགྲམ་གྲོང་ཁྱེར་ཞི་ཨིན་ཧྥུའུ་ཀི་སི་རུ་འདུ་ཚོགས་བསྡུས། ཁོ་ཚོས་རྒྱལ་དར་དང་འཕྲེད་བྱང་བཟུང་ནས་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་གཅེས་ཁ་གཡང་མཐོན་པོར་བསྒྲགས་ཏེ། བདུན་པའི་ཉེར་དྲུག་ཉིན་གྱི་རྒྱལ་ཁབ་འོས་ལངས་ཉིན་མོར་རྗེས་དྲན་བྱས། ཁུ་པཱའི་གསར་བརྗེའི་གཙོ་འཛིན་ལའོ་ཨར་ཁཱ་སི་ཐི་ལོ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར། སྲིད་གཞུང་གི་ཙུང་ལི་མཱ་ལོས་ལོ་བཅས་དགའ་སྟོན་བྱ་འགུལ་ལ་ཞུགས། 

ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་སྐར་མ་ཉི་ཤུ་ལྷག་གི་གཏམ་བཤད་སྤེལ། ཁོས་བཤད་རྒྱུར། འདས་པའི་ལོ་འགའི་ནང་ཨ་མེ་རི་ཁས་ཁུ་པཱའི་དཔལ་འབྱོར་དང་དངུལ་ལོར་གྱི་བཀག་སྡོམ་ལ་ཤུགས་སྣོན་བྱས་པ་དང་། ཉོ་ཚོང་སྐྱེལ་འདྲེན་གཏན་འགོག་བྱས་ཡོད་ཀྱང་། འཛམ་གླིང་ཡོངས་སུ་གཞི་རྒྱ་ཆེ་བའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་གནས་ཚུལ་འོག རྒྱལ་ཁབ་བཞི་བཅུ་ལྷག་གིས་ཁུ་པཱ་ལ་འཕྲོད་བསྟེན་དང་ཟས་རིགས་སོགས་དངོས་རྫས་འདོན་སྤྲོད་བྱས་ཡོད་ཟེར། 

ཁོས་བཤད་རྒྱུར། གཅིག་སྟོང་དགུ་བརྒྱ་ང་དགུ་ལོར་ཁུ་པཱའི་གསར་བརྗེ་ལ་རྒྱལ་ཁ་ཐོབ་པའི་ཚུན་ལ། མཐུན་སྒྲིལ་དང་རྒྱལ་སྤྱིའི་རིང་ལུགས་ཀྱི་ནམ་རྒྱུན་ཁུ་པཱའི་ཕྱི་འབྲེལ་སྲིད་ཇུས་ལ་མཛུབ་སྟོན་བྱེད་བཞིན་ཡོད་ཟེར། 

ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་ཁུ་པཱའི་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་ཏེ་རྒྱལ་ཁབ་འཛུགས་སྐྲུན་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། ལོ་རྒྱུས་ཀྱིས་ང་ཚོ་རང་ཉིད་ཀྱིས་ཁུ་པཱ་དེ་སྔར་ལས་མཛེས་སྡུག་ལྡན་པའི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་པའི་སྐུལ་མ་བཏང་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།