ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་གསར་དུ་འགན་ཁུར་བའི་ཀྲུའུ་ཞི་ཡིས་འཛམ་གླིང་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་འགྲིལ་ནས་མིའི་རིགས་ཀྱི་སྤྱི་ཚོགས་མདུན་དུ་ལྷགས་པའི་ཉམས་ཉེན་ལས་རྣམ་པར་རྒྱལ་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་པུར་ཀ་རི་ཡཱའི་འཐུས་མི་སི་ཐའོ་ཡེ་ཝ་ཚེས་ཉེར་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་སྐབས་གསར་བའི་ཀྲུའུ་ཞིར་བདམས། སི་ཐའོ་ཡེ་ཝ་བདམས་ཐོན་བྱུང་རྗེས་བསྟན་དོན། ཡང་འབད་བསྐྱར་འབད་དང་འཛམ་གླིང་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་འགྲིལ་ནས་མིའི་རིགས་ཀྱི་སྤྱི་ཚོགས་མདུན་དུ་ལྷགས་པའི་ཉམས་ཉེན་ལས་རྣམ་པར་རྒྱལ་དགོས་ཟེར། 

སི་ཐའོ་ཡེ་ཝ་ཡིས་བཤད་རྒྱུར། གསར་དུ་འགན་ཁུར་བའི་ཀྲུའུ་ཞི་ཡིན་པའི་ཆ་ནས། མོའི་ལས་འགན་གཙོ་བོ་ནི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་དང་མཐོ་རིམ་ཆབ་སྲིད་གླེང་སྟེགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱིས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་ལ་ཤུགས་རྐྱེན་ཐེབས་པར་སྔོན་འགོག་བྱེད་པར་ལག་བསྟར་བྱེད་ཆོག་པའི་སྲིད་ཇུས་ཀྱི་མཛུབ་སྟོན་ཡང་དག་འདོན་སྤྲོད་བྱེད་རྒྱུ་དེ་རེད། 

སི་ཐའོ་ཡེ་ཝ་་ཡིས་བལྟས་ན། ཧུར་ཐག་སྒོས་དངུལ་ལོར་གྱི་བར་ཁྱད་ཆེན་པོ་ཁ་གསབ་བྱེད་དགོས་པར་འདོད་པ་དང་། བར་ཁྱད་དེས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་མང་བོའི་རིམས་ནད་རྗེས་ཀྱི་བསྐྱར་འཛུགས་ནུས་པར་ཇེ་ཞན་དུ་བཏང་ཡོད་པ་ནན་གྱིས་བསྟན། ཁོ་མོས་ད་རུང་བསྟན་དོན། ད་ལོའི་ཟླ་དགུ་བར་སྤེལ་རྒྱུ་ཡིན་པའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་མཐོ་རིམ་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བར་གྲུབ་འབྲས་ཐོབ་པར་འགན་སྲུང་བྱེད་དགོས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ནི་གཅིག་སྟོང་དགུ་བརྒྱ་ཞེ་ལྔ་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ལྟར་བཙུགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་གཙོ་བོ་དྲུག་གི་ཡ་གྱལ་རེད། དེའི་གྲོས་རིམ་སྒྲིག་སྲོལ་ལྟར་ན། ལོ་རེའི་ཟླ་བདུན་པར་ལས་འཛིན་ལྷན་ཚོགས་ཀྱིས་དེའི་ཁོངས་གཏོགས་འཐུས་མིའི་ཁྲོད་ནས་ཀྲུའུ་ཞི་གཅིག་དང་ཀྲུའུ་ཞི་གཞོན་པ་བཞི་འདེམ་བཞིན་ཡོད། ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་བཞི་ཡིས་ཀྲུའུ་ཞིའི་ཚོགས་པ་གྲུབ་ཡོད་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།