ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་སོ་ཏི་ཨ་རབ་ཀྱིས་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་རྐྱེན་སྲོལ་འོག་མཐུན་སྦྱོར་ལ་ཤུགས་སྣོན་དགོས་པ་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གཅིག་ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མའོ་ཏི་པིན་སཱ་ལེ་མན་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་རྐྱེན་སྲོལ་འོག་མཐུན་སྦྱོར་ལ་ཤུགས་སྣོན་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། 

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཁ་པར་གཏོང་སྐབས་ཕྱོགས་གཉིས་ཀྱི་མཛའ་མཐུན་འབྲེལ་བའི་འཕེལ་རྒྱས་ཆུ་ཚད་ལ་གདེང་འཇོག་གང་ལེགས་བྱས་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་གནད་དོན་གལ་ཆེན་དང་། ཁྱད་པར་དུ་རྒྱ་ཆེའི་དཔལ་འབྱོར་ཉོ་ཚོང་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པར་གྲོས་བསྡུར་བྱས། 

ཕྱོགས་གཉིས་ཀྱིས་འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་ཚོང་རའི་མིག་སྔའི་གནས་བབ་ལ་གྲོས་བསྡུར་ཞིབ་ཏུ་བྱས་པ་དང་། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་རྐྱེན་སྲོལ་འོག་མཐུན་སྦྱོར་ལ་ཤུགས་སྣོན་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། ཕྱོགས་གཉིས་ཀྱིས་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་རྐྱེན་སྲོལ་གྱི་འབྲེལ་ཡོད་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ནམ་རྒྱུན་ལག་བསྟར་བྱེད་པའི་འོས་འགན་ནི་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་ཚོང་རའི་དགོས་ངེས་ཀྱི་དོ་མཉམ་དང་གཏན་འཇགས་ལ་འགན་སྲུང་བྱེད་རྒྱུ་དེ་ཡིན་པ་ཤེས་ཡོད། 

ཕྱོགས་གཉིས་ཀྱིས་ད་རུང་སི་རི་ཡཱའི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་རྐྱེན་སྲོལ་ནི་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་དང་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་མ་ཡིན་པའི་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་ཀྱི་མཉམ་ལས་རྐྱེན་སྲོལ་ཡིན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།