ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དུང་ཕྱུར་ལྔ་དང་བྱེ་བ་དྲུག་ས་ཡ་གཉིས་འབུམ་དྲུག་ཁྲི་བདུན་སྟོང་གཉིས་སུམ་བརྒྱ་ཉེར་བཞིར་སླེབས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉི་ཤུ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་པ་ལྟར་ན།  འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དུང་ཕྱུར་ལྔ་དང་བྱེ་བ་དྲུག་ས་ཡ་གཉིས་འབུམ་དྲུག་ཁྲི་བདུན་སྟོང་གཉིས་སུམ་བརྒྱ་ཉེར་བཞིར་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་གསར་པ་ལྟར་ན།     ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་དང་སྐར་མ་བཅུ་བདུན་བར།   འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྔ་ཉིན་ལས་འབུམ་དགུ་དང་ཁྲི་དགུ་སྟོང་ལྔ་སུམ་བརྒྱ་ང་བཞི་ཇེ་མང་དུ་སོང་ནས་བསྡོམས་པས་ནད་པ་དུང་ཕྱུར་ལྔ་དང་བྱེ་བ་དྲུག་ས་ཡ་གཉིས་འབུམ་དྲུག་ཁྲི་བདུན་སྟོང་གཉིས་སུམ་བརྒྱ་ཉེར་བཞིར་སླེབས་ཡོད།   རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་སྟོང་གཅིག་དང་བདུན་བརྒྱ་ཞེ་ལྔ་ཇེ་མང་དུ་སོང་སྟེ་བསྡོམས་པས་ས་ཡ་དྲུག་དང་འབུམ་གསུམ་ཁྲི་དྲུག་སྟོང་བདུན་བདུན་བརྒྱ་གོ་གསུམ་ལ་སླེབས་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།