ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་དང་ཨར་པཱ་ནི་ཡཱ། མཱ་ཆི་ཏོན་བྱང་མ་བཅས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་བདུན་པའི་ཚེས་བཅུ་དགུ་ཉིན། པུ་ལི་ཧྲིའི་པུའུ་ལུའུ་སེར་ནས། མཱ་ཆི་ཏོན་བྱང་མའི་ཙུང་ལི་ཁི་ཝ་ཆེ་ཧྥུའུ་སི་ཅི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གཏམ་བཤད་སྤེལ། 

2.jpg

ཟླ་བདུན་པའི་ཚེས་བཅུ་དགུ་ཉིན། པུ་ལི་ཧྲིའི་པུའུ་ལུའུ་སེར་ནས། མཱ་ཆི་ཏོན་བྱང་མའི་ཙུང་ལི་ཁི་ཝ་ཆེ་ཧྥུའུ་སི་ཅི་དང་ཨར་པཱ་ནི་ཡཱའི་ཙུང་ལི་ལཱ་མཱ་གཉིས་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས། 

3.jpg

ཟླ་བདུན་པའི་ཚེས་བཅུ་དགུ་ཉིན། པུ་ལི་ཧྲིའི་པུའུ་ལུའུ་སེར་ནས། ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཅེ་ཁིའི་ཙུང་ལི་ཧྥེ་ཡཱ་ལཱ་དང་། མཱ་ཆི་ཏོན་བྱང་མའི་ཙུང་ལི་ཁི་ཝ་ཆེ་ཧྥུའུ་སི་ཅི་དང་ཨར་པཱ་ནི་ཡཱའི་ཙུང་ལི་ལཱ་མཱ། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་བཅས་ཀྱིས་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་རྗེས་སུ་གླེང་མོལ་བྱེད་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་གཉིས་ཙམ་ལ་ཕྱིར་སྣུར་བྱས་རྗེས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་བཅུ་དགུ་ཉིན་ཨར་པཱ་ནི་ཡཱ་དང་མཱ་ཆི་ཏོན་བྱང་མ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་དངོས་སུ་མགོ་བརྩམས། 

ཉིན་དེར་ཡོ་རོབ་གླིང་མནའ་འབྲེལ་དང་ཨར་པཱ་ནི་ཡཱ། མཱ་ཆི་ཏོན་བྱང་མ་བཅས་ཀྱིས་པུའུ་ལུའུ་སེར་ནས་སྲིད་གཞུང་བར་གྱི་གྲོས་མོལ་སྤེལ། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཅེ་ཁིའི་ཙུང་ལི་ཧྥེ་ཡཱ་ལཱ། ཨར་པཱ་ནི་ཡཱའི་ཙུང་ལི་ལཱ་མཱ། མཱ་ཆི་ཏོན་བྱང་མའི་ཙུང་ལི་ཁི་ཝ་ཆེ་ཧྥུའུ་སི་ཅི་བཅས་ཀྱིས་གྲོས་མོལ་མ་བྱས་གོང་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས། 

ཧྥུན་ཏི་ལའེ་ཨིན་གྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨར་པཱ་ནི་ཡཱ་དང་མཱ་ཆི་ཏོན་བྱང་མས་བཅོས་བསྒྱུར་བྱེད་ཐབས་མང་བོ་ལག་བསྟར་བྱས་པ་དང་། དེ་ནི་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པ་ཁོ་ནའི་ཆེད་མ་ཡིན་པར་རྒྱལ་ཁབ་རང་ལ་བདེ་སྐྱིད་བསྐྲུན་པའི་ཆེད་དུ་ཡིན། དེའི་རྗེས་ཀྱི་ལས་རིམ་ལ་རྒྱལ་ཁབ་གཉིས་ཀྱི་བཅའ་ཁྲིམས་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་བཅའ་ཁྲིམས་ཀྱི་གཅིག་གྱུར་རང་བཞིན་གྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་དམག་དོན་སྲུང་སྐྱོབ་རྐྱེན་སྲོལ་ནང་ཞུགས་པའི་ཐད་ནས་ཨར་པཱ་ནི་ཡཱའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ། མཱ་ཆི་ཏོན་བྱང་མས་ཡོ་རོབ་གླིང་གི་མཐའ་མཚམས་དོ་དམ་ཅུའུ་བཀོད་སྒྲིག་བྱས་ཏེ་རྒྱལ་ཁབ་གཉིས་དང་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་དཔལ་འབྱོར་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་བཅས་འདུས་ཟེར། 

ཁི་ཝ་ཆེ་ཧྥུའུ་སི་ཅི་ཡིས་བཤད་རྒྱུར། ལོ་ངོ་བཅུ་བདུན་རིང་གི་ངང་སྒུག་བརྒྱུད་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་རྩོམ་ཐུབ་པ་བྱུང་། དུས་ཡུན་རིང་བོ་འགོར་ཡང་ང་ཚོ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁྱིམ་གཞི་ཆེན་མོའི་ནང་ཞུགས་བཞིན་ཡོད་ཟེར། ལཱ་མཱ་ཡིས་བསྟན་དོན། གྲོས་མོལ་དེར་དུས་ཚོད་ངེས་ཅན་ཞིག་དགོས་ཀྱང་སྲིད་ཟེར། 

མཱ་ཆི་ཏོན་དང་ཨར་པཱ་ནི་ཡཱ་ནི་སོ་སོར་ཉིས་སྟོང་ལྔ་ལོ་དང་ཉིས་སྟོང་བཅུ་བཞི་ལོར་ཡོ་རོབ་གླིང་མནའ་འབྲེལ་གྱི་འདེམ་སྒུག་རྒྱལ་ཁབ་ཏུ་གྱུར་བ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་རྒྱལ་ཁབ་དེ་གཉིས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་བྱ་བ་ལྷན་ཏུ་སྒྲིལ་བ་རེད། ཡོ་རོབ་གླིང་མནའ་འབྲེལ་དང་མཱ་ཆི་ཏོན་བྱང་མ། ཨར་པཱ་ནི་ཡཱ་བཅས་ཀྱི་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་སྲིད་གཞུང་བར་གྱི་གྲོས་ཚོགས་དེ་ཉིས་སྟོང་ཉི་ཤུ་ལོའི་ལོ་མཇུག་ཏུ་སྤེལ་བར་གཏན་འཁེལ་བྱས་ཡོད་ཀྱང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་པུར་ཀ་རི་ཡཱ་དང་མཱ་ཆི་ཏོན་བྱང་མའི་མི་རིགས་ཁས་ལེན་སོགས་གནད་དོན་ཐད་རྩོད་གླེང་ཡོད་པའི་དབང་གིས་རྗེས་སུ་སྣུར་བ་རེད། ད་ལོའི་ཟླ་དྲུག་པར། པུར་ཀ་རི་ཡཱ་ཡིས་མཱ་ཆི་ཏོན་བྱང་མ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་སྤེལ་བར་ཁས་ལེན་མི་བྱེད་པའི་ལྟ་བ་མེད་པར་གཏོང་རྒྱུ་ཐག་བཅད་པ་རེད། མཱ་ཆི་ཏོན་བྱང་མའི་གྲོས་ཁང་གིས་ཟླ་འདིའི་ཚེས་བཅུ་དྲུག་ཉིན་འདེམ་ཤོག་འཕངས་ཏེ་མཱ་ཆི་ཏོན་བྱང་མ་དང་པུར་ཀ་རི་ཡཱའི་རྩོད་གླེང་ཐག་གཅོད་བྱེད་པར་དམིགས་པའི་གྲོས་གཞིར་ཆོག་མཆན་བཀོད་དེ། ཡོ་རོབ་གླིང་མནའ་འབྲེལ་བར་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་རྩོམ་པར་བཀག་རྒྱ་གཙང་སེལ་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།