ཀྲུང་གོ་བོད་ཀྱི་དྲ་བ།

མར་ཏི་ཝེ་སྨྱན་བྱད་ཀྱིས་སི་རི་ལན་ཁའི་ཙུང་ཐུང་མར་ཏི་ཝེ་ལ་ཐོན་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མར་ཏི་ཝེ་སྨྱན་བྱད་ཀྱིས་ཚེས་བཅུ་གསུམ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། སི་རི་ལན་ཁའི་ཙུང་ཐུང་ལཱ་ཅ་ཕ་ཁི་ས་ཉིན་དེའི་ཞོགས་པར་གནམ་གྲུར་བསྡད་ནས་མར་ཏི་ཝེ་ལ་ཐོན།

བསྒྲགས་པའི་གནས་ཚུལ་ལྟར་ན། ལཱ་ཅ་ཕ་ཁི་ས་ཉིན་དེའི་ཞོགས་པའི་དུས་ཚོད་གསུམ་ཡས་མས་སུ་དམག་མིའི་གནམ་གྲུར་བསྡད་ནས་ཝེ་ལ་ནཱ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན་པ་དང་། མར་ཏི་ཝེ་ཡི་གྲོས་དཔོན་ནཱ་ཞི་ཏི་ཡིས་གནམ་གྲུ་ཐང་དུ་ལཱ་ཅ་ཕ་ཁི་ས་ལ་བསུ་མ་བྱས་ལ། གནམ་གྲུ་ཐང་གི་བདེ་འཇགས་སྲུང་སྐྱོབ་བྱ་བ་བསྒྲུབས་པ་ཧ་ཅང་བཟང་ཟེར།

སི་རི་ལན་ཁའི་རྒྱལ་ས་ཁོ་ལུན་ཕོ་རུ་ཚེས་དགུ་ཉིན་ངོ་རྒོལ་བྱ་འགུལ་བྱུང་། ཉིན་དེའི་ཕྱི་དྲོར་བསྡུས་པའི་བྲེལ་མྱུར་སྲིད་ཏང་གྲོས་ཚོགས་སྟེང་། སྲིད་ཏང་མང་ཤོས་ཀྱི་འགོ་ཁྲིད་པས་ཙུང་ཐུང་དང་ཙུང་ལིས་མྱུར་དུ་འགན་འཁུར་མཚམས་འཇོག་དགོས་པའི་རེ་བ་བཏོན་པར་མ་ཟད། མགྱོགས་མྱུར་སྒོས་ཏང་ཁག་སོ་སོ་ཞུགས་པའི་གནས་སྐབས་སྲིད་གཞུང་འཛུགས་དགོས་ཞེས་བཤད། སི་རི་ལན་ཁའི་ཙུང་ལི་ཝེ་ཁི་ལཱ་མ་ཞིན་ཧ་ཡིས་ཉིན་དེར་སྤྱི་ཚོགས་སྨྱན་བྱད་ཅིག་གི་སྟེང་བཤད་དོན། ཁོས་འགན་འཁུར་མཚམས་འཇོག་རྒྱུ་ཡིན་ཟེར། ལཱ་ཅ་ཕ་ཁི་ས་ཡིས་ཉིན་དེར་གྲོས་དཔོན་ཨ་པེ་བ་ཏི་ན་ལ། ཁོས་ཚེས་བཅུ་གསུམ་ཉིན་འགན་འཁུར་མཚམས་འཇོག་རྒྱུ་ཡིན་ཞེས་བཤད།

ཨ་པེ་བ་ཏི་ན་ཡིས་ཚེས་བཅུ་གཅིག་ཉིན་བཤད་དོན། སི་རི་ལན་ཁའི་གྲོས་ཁང་གིས་ཟླ་འདིའི་ཚེས་ཉི་ཤུ་ཉིན་ཙུང་ཐུང་གསར་བ་གདམ་རྒྱུ་ཡིན་པ་དང་། ཙུང་ཐུང་གསར་བས་ཏང་ཁག་སོ་སོ་ཞུགས་པའི་སྲིད་གཞུང་འཛུགས་པར་འགན་འཁུར་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།