ཀྲུང་གོ་བོད་ཀྱི་དྲ་བ།

དབྱར་གཞུང་གི་ཐེམ་ཆེན་རྩྭ་ཐང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

a06aafeb-6164-4d70-a800-9f17af4eacab.jpg

མཐའ་ཡས་རྩྭ་ཐང་དུ་བཀྲམ་པའི་གཡང་དཀར་ལུག་ཁྱུ།

དབྱར་གཞུང་གི་ཐེམ་ཆེན་རྩྭ་ཐང་དུ། གོས་ལྗང་བཏིང་པ་ལྟ་བུའི་རྩྭ་ལྗང་ནེམ་ནེམ་གྱིས་རབ་ཏུ་གཡོགས་ཤིང་། རྩྭ་ཆུའི་བཅུད་ལ་རོལ་བའི་ནོར་ལུག་ཁྱུ་དང་ཁྱུ་བྱས་ནས་རྒྱུ་ལ། ནམ་ཟླའི་འགྱུར་བ་དང་བསྟུན་ནས་སྐྱེ་སྟོབས་ངང་གིས་རྒྱས་ཡོད། གནའ་ནས་བཟུང་སྟེ། རྩྭ་སའི་འཕོ་འགྱུར་གྱིས་རྩྭ་ཆུ་བསྙེགས་ནས་འཚོ་བ་རོལ་བཞིན་པའི་འབྲོག་པ་རྣམས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་ལ། རྩྭ་ཉག་གཅིག་དང་སྡོང་རྐང་གཅིག་ཡིན་ཡང་ཁོ་ཚོའི་ཐོན་སྐྱེད་དང་འཚོ་བར་དམ་པོར་འབྲེལ་ཡོད། འོན་ཀྱང་དེང་གི་དུས་སུ། སྐྱེ་ཁམས་དཔལ་ཡོན་གྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གི་ག་ས་ཀུན་ཏུ་ཁྱབ་པར་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདུ་ཤེས་དེའང་ཡིག་ངོས་ཀྱི་བརྒྱུད་སྒྲོག་ཙམ་མ་ཡིན་པར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལག་ལེན་བྱེད་པའི་གཏམ་རྒྱུད་རེ་རེའི་ཁྲོད་དུ་སིམ་ནས། མི་རེ་རེའི་སེམས་སུ་འཇགས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།