ཀྲུང་གོ་བོད་ཀྱི་དྲ་བ།

ནི་ཀྲེ་རི་ཡ་རུ་གྲུ་ནུབ་པའི་དོན་རྐྱེན་བྱུང་ནས་ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནི་ཀྲེ་རི་ཡའི་དཔོན་རིགས་ཀྱིས་ཚེས་བཅུ་ཉིན། ནི་ཀྲེ་རི་ཡའི་ལྷོ་ནུབ་རྒྱུད་ཀྱི་ལ་ཀི་ཟི་མངའ་སྡེ་རུ་གྲུ་ཆུ་ནང་དུ་ནུབ་པའི་དོན་རྐྱེན་བྱུང་ནས། ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས།

ཉིན་དེར་ནི་ཀྲེ་རི་ཡ་རྒྱལ་ཁབ་བྲེལ་མྱུར་ལས་དོན་དོ་དམ་ཅུའུ་ལྷོ་ནུབ་ཁུལ་གྱི་འགན་འཁུར་བ་ཡུས་པུའུ་ལ་ཞིན· ཧྥ་ལིན་ལུའོ་ཡེ་ཡིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོ། ལ་ཀི་ཟི་མངའ་སྡེ་ཡི་ཨའོ་ཆའོ་ས་ཁུལ་གྱི་ཆུ་ལམ་ཞིག་ཏུ། འགྲུལ་པ་མང་པོ་བསྡད་ཡོད་པའི་གྲུ་གཟིངས་ཤིག་གིས་རླུང་རླབས་ཚོད་འཛིན་མ་ཐུབ་པར་ཆུའི་ནང་དུ་བྱིངས་ནས་གཏིང་དུ་ནུབ་སྟེ། གྲུ་སྟེང་གི་མི་སྣ་ཚང་མ་ཆུའི་ནང་དུ་ལྷུང་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།