ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་བདེ་སྲུང་མི་སྣས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་གཉིས་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གི་མགྲིན་ཚབ་པ་ཏུའུ་ཅཱ་ཞི་ཏི་ཡིས་ཚེས་བདུན་ཉིན་སྨྱན་བྱད་སྟེང་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་བདེ་སྲུང་མི་སྣས་ཚེས་དྲུག་ཉིན་གྱི་དགོང་མོར་རྒྱལ་ས་ཁ་པུའུ་ཨེར་རུ་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེའི་དྲག་ཆས་མི་སྣ་གཉིས་བསད་ཟེར།

མུའུ་ཅཱ་ཞི་ཏི་ཡིས་བཤད་རྒྱུར། བདེ་སྲུང་མི་སྣས་ཚེས་དྲུག་ཉིན་གྱི་དགོང་མོར་ཁ་པུའུ་ཨེར་བྱང་རྒྱུད་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་རྟེན་གཞི་ཞིག་གཙང་བཅོམ་བྱེད་པའི་འགུལ་སྐྱོད་སྤེལ་ནས། དྲག་ཆས་མི་སྣ་གཉིས་བསད་པ་མ་ཟད་མི་བཞི་འཛིན་བཟུང་བྱས་ཟེར།

ཉེ་བའི་ཟླ་གཉིས་རིང་ལ། ཨ་ཧྥུའུ་ཧན་གྱི་ས་ཆ་སོ་སོ་རུ་འཇབ་རྒོལ་དོན་རྐྱེན་མང་པོ་བྱུང་ནས། མི་སྣ་མང་པོ་ཤི་རྨས་བྱུང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སློབ་གྲྭ་དང་མུའུ་སི་ལིན་ཆོས་ཁང་། སྤྱི་སྤྱོད་རླངས་འཁོར་བཅས་དམིགས་འབེན་དུ་བྱས་པའི་འཇབ་རྒོལ་དོན་རྐྱེན་མང་པོ་བཟོས་ཡོད་ཅེས་བསྒྲགས།

ཨ་ཧྥུའུ་ཧན་གྱི་རྒྱལ་དམངས་གྲོས་ཚོགས་ཆེན་པོ་ཟླ་འདིའི་ཚེས་གཉིས་ཉིན་གྲོལ་བ་མ་ཟད་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཁོངས་མི་དག་འཇིགས་སྐུལ་མི་སྣར་ངོས་བཟུང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།