ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སིས་ཞི་བའི་གྲོས་མོལ་དང་ལེན་བྱེད་པ་ཡིན་མོད་འོན་ཀྱང་གྲོས་མོལ་གྱི་དུས་ཚོད་འགོར་འགྱངས་སུ་སོང་ན་དེ་བས་ཀྱང་གྲོས་མོལ་བྱེད་པར་དཀའ་ཁག་ཆེ་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་བདུན་ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་བཤད་དོན། ཨུ་རུ་སིས་ཞི་བའི་གྲོས་མོལ་དང་ལེན་བྱེད་པ་ཡིན་མོད། འོན་ཀྱང་གྲོས་མོལ་གྱི་དུས་ཚོད་འགོར་འགྱངས་སུ་སོང་ན་དེ་བས་ཀྱང་གྲོས་མོལ་བྱེད་པར་དཀའ་ཁག་ཆེ་ཟེར།

ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སི་རྒྱལ་ཁབ་ཀྱི་གྲོས་ཁང་ཞོལ་མའི་འགོ་ཁྲིད་པ་དང་ཏང་ཁག་སོ་སོའི་འགན་འཁུར་བར་ཐུག་འཕྲད་བྱེད་སྐབས་བཤད་དོན། ཨ་མེ་རི་ཁ་གཙོ་ཡིན་པའི་ནུབ་ཕྱོགས་རྒྱབ་ཁབ་ཀྱིས་ལོ་བཅུ་ཕྲག་འགར་ཨུ་རུ་སི་ལ་ནམ་ཡང་བཙན་འཛུལ་རང་བཞིན་མངོན་པར་བྱས། ཁོ་ཚོས་ཨུ་རུ་སིས་ཨོ་རོབ་གླིང་དུ་འདྲ་མཉམ་བདེ་འཇགས་མ་ལག་འཛུགས་པའི་གྲོས་གཞི་བཏོན་པ་ཁས་མ་བླངས་པ་དང་།  འཕུར་མདའི་འགོག་སྲུང་གནད་དོན་ཐད་ནས་མཉམ་ལས་བྱ་བ་སྒྲུབ་རྒྱུ་ཁས་མ་བླངས་པར་མ་ཟད་འབྲེལ་ཡོད་བྱང་ཆིངས་རྒྱ་བསྐྱེད་རྒྱུ་དེ་ཁས་མི་ལེན་པའི་ཉེན་བརྡ་བཏང་བ་སྣང་མེད་དུ་བཞག་ཟེར།

ཕུའུ་ཅིན་གྱིས་བཤད་དོན། ནུབ་ཕྱོགས་ཀྱིས་འཐབ་འཁྲུག་ཁྲོད་དུ་ཨུ་རུ་སི་ཕམ་དུ་འཇུག་པར་འདོད་ཡོད། ཝུའུ་ཁི་ལན་གྱི་མི་གཅིག་མ་གཏོགས་མེད་པའི་བར་དུ་འཐབ་འཁྲུག་རྒྱག་པ་ཡིན་ཞེས་བཤད་ཀྱིན་ཡོད་པ་དང་། དེ་ནི་ཝུའུ་ཁི་ལན་མི་དམངས་ལ་མཚོན་ན་ཧ་ཅང་ཡིད་སྐྱོ་བ་ཞིག་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།