ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇི་སྲིད་གཞུང་གི་ནང་སྲིད་བློན་ཆེན་གཉིས་ཀྱིས་ལས་འགན་མི་ཁུར་བའི་དགོངས་ཞུ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་འཕྲོད་བསྟེན་བློན་ཆེན་ཅ་ཏི་ཝེ་དང་ནོར་སྲིད་བློན་ཆེན་སུའུ་ན་ཁི་གཉིས་ཀྱིས་ཚེས་ལྔ་ཉིན་ལས་འགན་མི་ཁུར་བའི་དགོངས་ཞུ་བྱས། དབུ་བཞུགས་བློན་ཆེན་ཡུའེ་ཧན་ཞུན་གྱིས་སྔ་རྗེས་སུ་ཁོ་གཉིས་ཀྱི་རྒྱུན་འཛིན་མཁན་བསྐོ་འཇོག་བྱས།

ཅ་ཏི་ཝེ་ཡིས་ཉིན་དེར་ལས་འགན་མི་ཁུར་བའི་དགོངས་ཞུའི་འཕྲིན་ཡིག་ནང་ཁོ་ཡུའེ་ཧན་ཞུན་ལ་ཡིད་ཆད་པ་ཡིན་ཞེས་བྲིས་འདུག   སུའུ་ན་ཁི་ཡིས་འཕྲིན་ཡིག་ནང་བཤད་རྒྱུར། སྲིད་གཞུང་གིས་འོས་འཚམ་དང་གཟབ་ནན་ངང་ལས་འགན་སྒྲུབ་རྒྱུ་ནི་མང་ཚོགས་ཀྱིས་རེ་ལྟོས་བྱེད་འོས་པ་ཞིག་ཡིན། ང་རང་ཉིད་ཀྱིས་ཀྱང་ཚད་གཞི་འདི་དག་གི་རྒྱུན་སྐྱོང་བའི་རིན་ཐང་ལྡན་པར་འདོད་ཡོད། ངས་ལས་འགན་མི་ཁུར་བའི་རྒྱུ་མཚན་ཀྱང་འདི་ཡིན་ཟེར།

དབྱིན་ཇིའི་སྨྱན་བྱད་ཀྱིས་བཤད་རྒྱུར། ནོར་སྲིད་བློན་ཆེན་དང་འཕྲོད་བསྟེན་བློན་ཆེན་ནི་དབྱིན་ཇི་སྲིད་གཞུང་གི་དཔོན་པོ་གལ་ཆེན་ཡིན་པས། ཅ་ཏི་ཝེ་དང་སུའུ་ན་ཁི་གཉིས་ཀྱིས་ལས་འགན་མ་ཁུར་བ་དེས་ཡོའེ་ཧན་ཞུན་སྲིད་གཞུང་ལ་གནོད་པ་ཆེན་པོ་ཐེབས་ཡོད་ཟེར།

ཚེས་ལྔ་ཉིན།  ཡོའེ་ཧན་ཞུན་གྱིས་ལན་ཁེ་སི་ཐི་ཀུང་ཅོའེ་ཅུན་གྱི་བློན་ཆེན་དང་ནང་སྲིད་གཞུང་སྒྲུབ་ཐིན་གྱི་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་པ་ཁི་ལིས་འཕྲོད་བསྟེན་བློན་ཆེན་ལ་བསྐོ་འཇོག་བྱས་པ་དང་། སློབ་གསོའི་བློན་ཆེན་ཀྲ་ཧ་ཝེ་ནོར་སྲིད་བློན་ཆེན་ལ་བསྐོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།