ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་ལྔ་བྱེ་བ་བཞི་ས་ཡ་དྲུག་འབུམ་གསུམ་ཁྲི་ལྔ་དང་བདུན་སྟོང་བཞི་བརྒྱ་ཞེ་བཞི་ལ་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཞི་ཉིན་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བསྡོམས་པས་དུང་ཕྱུར་ལྔ་བྱེ་བ་བཞི་ས་ཡ་དྲུག་འབུམ་གསུམ་ཁྲི་ལྔ་དང་བདུན་སྟོང་བཞི་བརྒྱ་ཞེ་བཞི་ལ་སླེབས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཚེས་བཞི་ཉིན་གྱི་ཆུ་ཚོད་བཅུ་བདུན་དང་སྐར་མ་སོ་བརྒྱད་སྟེང་། འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཉིས་ཁྲི་གཉིས་དང་དགུ་སྟོང་བཞི་བརྒྱ་རེ་དྲུག་གིས་ཇེ་མང་དུ་སོང་སྟེ་བསྡོམས་པས་དུང་ཕྱུར་ལྔ་བྱེ་བ་བཞི་ས་ཡ་དྲུག་འབུམ་གསུམ་ཁྲི་ལྔ་དང་བདུན་སྟོང་བཞི་བརྒྱ་ཞེ་བཞི་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པ་སུམ་བརྒྱ་དང་རེ་དྲུག་གིས་ཇེ་མང་དུ་སོང་སྟེ། བསྡོམས་པས་ས་ཡ་དྲུག་འབུམ་གསུམ་ཁྲི་གསུམ་དང་སྟོང་དྲུག་བཞི་བརྒྱ་བཅོ་ལྔར་སླེབས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།