ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་སྲིད་གཞུང་གསར་བས་ནང་སྲིད་ཁོངས་མིའི་མིང་ཐོ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་ཚེས་བཞི་ཉིན་སྲིད་གཞུང་གསར་བའི་ནང་སྲིད་ཁོངས་མིའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ནང་སྲིད་སྔོན་མའི་དཀྱིལ་སྙིང་ཁོངས་མི་མང་པོས་ཡང་བསྐྱར་ལས་འགན་ཁུར་ཡོད།

ཧྥ་རན་སིའི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་ཚེས་བཞི་ཉིན་གསར་འགྱུར་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། སྲིད་གཞུང་གསར་བའི་ནང་སྲིད་ཁོངས་མིའི་མིང་ཐོ་ཙུང་ལི་པའོ་ཨར་ནེ་ཡིས་བཏོན་པ་ཡིན་ལ། ཙུང་ལི་ལས་གཞན་ནང་སྲིད་གསར་བའི་ཁོངས་མི་ལ་བསྡོམས་པས་མི་ཞེ་གཅིག་ཡོད་པ་དང་། དེ་པུའུ་ཀྲང་བཅུ་དྲུག་དང་། པུའུ་ཀྲང་རིམ་པའི་ཚབ་མི་བཅོ་ལྔ། རྒྱལ་སྲིད་དྲུང་ཡིག་བཅུ་ཡིས་གྲུབ། དེའི་ནང་བུད་མེད་ཉེར་གཅིག་ཡོད།

ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་འདེམ་བསྐོ་ཡི་སྐོར་ཐེངས་གཉིས་པའི་འདེམ་ཤོག་དེ་ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་སྤེལ་བ་དང་། ཙུང་ཐུང་མ་ཁི་ལུང་ནང་དུ་འདུ་བའི་མཉམ་འབྲེལ་ཚོགས་ཁག་དེ་ཏང་ཁག་གཞན་པ་ལས་སྔོན་གྲས་སུ་ཐོན་ཡོད་ནའང་། རྒྱལ་དམངས་གྲོས་ཁང་གི་གོ་གནས་གལ་ཆེན་ཟིན་མེད། དེའི་རྗེས། ཙུང་ལི་པའོ་ཨར་ནེ་ཡིས་ལས་འགན་མི་ཁུར་བའི་དགོངས་ཞུའི་ཡི་གེ་སྤྲད་པར་ཙུང་ཐུང་མ་ཁི་ལུང་གིས་ཆོག་མཆན་མ་བཀོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།