ཀྲུང་གོ་བོད་ཀྱི་དྲ་བ།

ཙམ་ཕབ་ཝེ་ཡི་ཙུང་ཐུང་མུའུ་ནན་ཀུའུ་ཝ་ཡིས་དབྱང་ཅེ་ཁྲི་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་གསུམ་ཉིན། ཙམ་ཕབ་ཝེ་ཡི་ཙུང་ཐུང་མུའུ་ནན་ཀུའུ་ཝ་ཡིས་ཧ་ལ་ལོས་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དབྱང་ཅེ་ཁྲི་ལ་ཐུག་འཕྲད་བྱས།

དབྱང་ཅེ་ཁྲི་ཡིས་བཤད་དོན། ཀྲུང་གོ་དང་ཙམ་ཕབ་ཝེ་བར་གྱི་མཛའ་མཐུན་འབྲེལ་བ་ཆུ་བོའི་རྒྱུན་བཞིན་རིང་། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཐེངས་མང་པོར་ཐུག་འཕྲད་བྱས་པར་མ་ཟད་ཕན་ཚུན་ལ་གློག་འཕྲིན་གཏོང་བ་དང་འཕྲིན་ཡིག་བསྐུར་ནས། ཀྲུང་གོ་དང་ཙམ་ཕབ་ཝེ་འབྲེལ་བ་ཆུ་ཚད་མཐོ་བའི་སྒོ་ནས་འཁོར་སྐྱོད་བྱེད་པར་སྣེ་ཁྲིད་བྱས་ཤིང་། ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གྱུར་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་མཐུད་སྒོས་ཇེ་མང་དུ་སོང་། ཀྲུང་གོ་ཕྱོགས་ཀྱིས་ཙམ་ཕབ་ཝེ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བར་དུ་རྒྱུད་གཅིག་ལམ་གཅིག་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བར་ནུས་པ་ཆེན་པོ་བཏོན་པར་གཟེངས་བསྟོད་བྱེད་པར་མ་ཟད། ཙམ་ཕབ་ཝེ་ཕྱོགས་དང་མཉམ་དུ་ཏང་སྲིད་དམག་དམངས་བར་དུ་ཁྱོན་ཡོངས་ནས་འབྲེལ་འདྲིས་བྱེད་པར་ཤུགས་སྣོན་ཞིང་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་བརྗེ་རེས་ཟབ་མོ་བྱེད་པ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཙམ་ཕབ་ཝེ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་སྔར་ལས་མང་པོའི་རོམས་རམ་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

མུའུ་ནན་ཅ་ཀུའུ་བཱ་ཡིས་བཤད་དོན། ཙམ་ཕབ་ཝེ་དང་ཀྲུང་གོའི་བར་དུ་མཛའ་བཤེས་ཟབ་མོ་ཆགས་ཡོད། ཙམ་ཕབ་ཝེ་ཕྱོགས་ཀྱིས་བློ་ཐག་རྦད་ཆོད་སྒོས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བྱེད་པར་མ་ཟད་ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་འགོ་དང་འཛམ་གླིང་བདེ་འཇགས་ཀྱི་གྲོས་འགོ་བཏོན་པར་རྒྱབ་སྐྱོར་བྱེད་པ་ཡིན། ཙམ་ཕབ་ཝེ་ཡིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་ཏུ་སྤེལ་ནས། ཨ་ཧྥེ་རི་ཁ་དང་ཀྲུང་གོས་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་འགྱུར་ལྡོག་ཁྲོད་དུ་ལག་རྡང་སྦྲེལ་ཏེ་ཕྱོགས་མང་རིང་ལུགས་ངོ་མ་སྲུང་སྐྱོབ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ཉིན་དེར་དབྱང་ཅེ་ཁྲི་ཡིས་ད་དུང་ཙམ་ཕབ་ཝེ་ཡི་ཕྱི་འབྲེལ་པུའུ་ཀྲང་ཧྲ་བཱ་ལ་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་དང་དེ་མིན་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།