ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཕྱོགས་ཀྱིས་ལུའུ་ཀན་སི་ཁི་རྩ་བ་ནས་ཚོད་འཛིན་བྱས་པ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་གསུམ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱི་ཀུའུ་ཡིས་ཉིན་དེར་བཤད་དོན། ཨུ་རུ་སིའི་དམག་དཔུང་གིས་ལུའུ་ཀན་སི་ཁི་རྩ་བ་ནས་ཚོད་འཛིན་བྱས་ཟེར། ཝུའུ་ཁི་ལན་འཕྲིན་གཏོང་ཁང་གིས་ཚེས་གསུམ་ཉིན་ཝུའུ་ཁི་ལན་རྒྱལ་སྲུང་ཕུའུ་ཀྲང་གི་བློ་འདོན་པ་ཡུག་ལིས་སཱ་ཁི་ཡི་སྐད་ཆ་དྲངས་ནས་བཤད་དོན། ལིས་ཞི་ཁྲང་སི་ཁི་ཨུ་རུ་སིའི་དམག་དཔུང་གིས་ད་དུང་རྩ་བ་ནས་ཚོད་འཛིན་བྱས་མེད་པས། ཏུང་པ་སི་བརྩོན་ལེན་བྱེད་པའི་དམག་འཁྲུག་མཇུག་རྫོགས་མི་སྲིད།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་གསུམ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཧྲའོ་དབྱི་ཀུའུ་ཡིས་ཉིན་དེར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཡར་ཞུ་བྱེད་སྐབས་བཤད་དོན། ཨུ་རུ་སིའི་དམག་དཔུང་གིས་ལུའུ་ཀན་སི་ཁི་ས་ཁུལ་བཅིངས་འགྲོལ་བྱས་པ་དང་། ཨུ་རུ་སིའི་དམག་དཔུང་དང་ལུའུ་ཀན་སི་ཁི་དྲག་ཆས་སྟོབས་ཤུགས་ཀྱིས་ལིས་ཞི་ཁྲང་སི་ཁི་གྲོང་ཁྱེར་དང་དེའི་མཐའ་འཁོར་གྱི་སྡོད་དམངས་གནས་ས་རྩ་བ་ནས་ཚོད་འཛིན་བྱས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།