ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སུས་ཝུའུ་ཁི་ལན་གྱི་འབྲུ་རིགས་ཕྱིར་གཏོང་ལ་བཀག་འགོག་མི་བྱེད་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་ཁེ་ལི་མུའུ་ལིན་ཕོ་བྲང་དུ་འཚམས་འདྲིར་ཕེབས་པའི་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙའོ་ཁོ་དང་ཐུག་འཕྲད་གནང་སྐབས། ཨུ་རུ་སུས་ཝུའུ་ཁི་ལན་གྱི་འབྲུ་རིགས་ཕྱིར་གཏོང་ལ་བཀག་འགོག་བྱེད་མི་སྲིད་ལ། ཝུའུ་ཁི་ལན་གྱི་དམག་དཔུང་གིས་གྲུ་ཁར་འབར་མདེལ་འཕེན་པ་དང་འབྲུ་རིགས་སྐྱེལ་འདྲེན་གྲུ་གཟིངས་གཏོང་རྒྱུར་བཀག་འགོག་མི་བྱེད་པར་མ་ཟད། ཨུ་རུ་སུས་འབྲུ་རིགས་སྐྱེལ་འདྲེན་བརྒྱུད་རིམ་གྱི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ཡིན་ཞེས་བསྟན།

ཕུའུ་ཅིན་གྱིས་བཀག་སྡོམ་གྱིས་དངོས་ཟོག་སྐྱེལ་འདྲེན་བྱ་རྒྱུར་དཀའ་ངལ་བཟོས་ཏེ། འཛམ་གླིང་གི་འབྲུ་རིགས་དང་རྫས་ལུད་ཁྲོམ་རར་གནད་དོན་རབ་དང་རིམ་པ་བཟོས། ཨུ་རུ་སུས་ཧིན་རྡུ་ཉི་ཞི་ཡ་སོགས་མཛའ་མཐུན་རྒྱལ་ཁབ་ཀྱི་ཏན་ལུད་དང་ལིན་ལུད། ཅཱ་ལུད་སོགས་ཐད་ཀྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་སྐོང་འདོད་ཡོད་ཅེས་བསྟན། ཧིན་རྡུ་ཉི་ཞི་ཡས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་པ་ལི་གླིང་ཕྲན་གྱི་མཐོ་རིམ་གྲོས་ཚོགས་བསྡུ་བར་འབད་བརྩོན་གང་ལེགས་བྱས་པ་ལ་ཨུ་རུ་སུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།

ཙའོ་ཁོ་ཡིས་གལ་ཏེ་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་ཟབ་ཞུགས་མེད་པའི་དབང་དུ་བཏང་ན། གོ་ལ་ཧྲིལ་པོའི་འབྲུ་རིགས་མཁོ་སྤྲོད་སླར་གསོ་ཡོང་མི་སྲིད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།