ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡའི་ལྷོ་རྒྱུད་ཀྱི་འཇབ་རྒོལ་དོན་རྐྱེན་གྱིས་མི་ལྔ་རྐྱེན་ལམ་དུ་བཏང་བ་དང་མི་གསུམ་རྨས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡ་གསར་འགྱུར་ཁང་གིས་ཟླ6པའི་ཚེས28ཉིན་གནས་ཚུལ་སྤེལ་བ་ལྟར་ན། སི་རི་ཡའི་ལྷོ་རྒྱུད་ཀྱི་ཏི་ལཱ་ཞིང་ཆེན་དུ་ཚེས་ཉེར་བདུན་ཉིན་གྱི་དགོང་མོ། དྲག་ཆས་ཤོག་ཁག་གི་འཇབ་རྒོལ་དོན་རྐྱེན་བྱུང་ནས། མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་གསུམ་རྨས།

གནས་ཚུལ་སྤེལ་བ་ལྟར་ན། ཐོབ་ཐང་གསལ་པོ་མེད་པའི་དྲག་ཆས་པ་ཁག་གཅིག་གིས་མེ་མདའ་སྤྱད་དེ། ཏི་ལཱ་ཞིང་ཆེན་སཱ་ན་མིན་གྲོང་ཁྱེར་གྱི་ས་གནས་དེ་གའི་ཞིང་ལས་སྡེ་ཁག་གི་དཔོན་རིགས་ཤིག་གི་སྡོད་གནས་ལ་འཇབ་རྒོལ་བྱས་པ་དང་། འཇབ་རྒོལ་བྱེད་གནས་སུ་སི་རི་ཡའི་སྲིད་འཛིན་ཏང་ཨ་རབ་བསྐྱར་དར་སྤྱི་ཚོགས་ཏང་ཏི་ལ་ཡན་ལག་གི་དེ་སྔའི་ཧྲུའུ་ཅི་ཁ་མའེ་ལི·ཨ་ཐི་མཱ་སོགས་ཡོད་པ་རེད། འཇབ་རྒོལ་གྱིས་མི་མང་པོར་རྨས་སྐྱོན་ཕོག་ནས་རྨས་མ་ས་གནས་དེ་གའི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་དང་། དེའི་ཁྲོད་ཀྱི་མི་ལྔ་རྨས་ལྕི་མོ་ཕོག་པའི་དབང་གིས་རྐྱེན་ལམ་དུ་ཤོར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།