ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་གྱི་ཡ་ཁཱ་པའི་གྲུ་ཁར་དངོས་ཉར་སྒམ་ཆུང་འབར་གས་བྱུང་ཏེ་རྫས་འགྱུར་རླངས་གཟུགས་ཕྱིར་ཤོར་བའི་དོན་རྐྱེན་བྱུང་ནས་མི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་བདུན་ཉིན། ཅོར་ཏན་གྱི་སྤྱི་པའི་བདེ་འཇགས་སྡེ་ཁག་གིས་བརྡ་ཁྱབ་སྤེལ་ཏེ། རྒྱལ་ཁབ་དེའི་ལྷོ་རྒྱུད་ཀྱི་གྲུ་ཁའི་གྲོང་ཁྱེར་ཡ་ཁཱ་པ་རུ། ཉིན་དེར་དངོས་ཉར་སྒམ་ཆུང་འབར་གས་བྱུང་ནས་རྫས་འགྱུར་རླངས་གཟུགས་ཕྱིར་ཤོར་བའི་དོན་རྐྱེན་བྱུང་ནས་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉིས་བརྒྱ་དང་ལྔ་བཅུ་ལྷག་ལ་རྨས་སྐྱོན་ཕོག་ཡོད་ཟེར།

བརྡ་ཁྱབ་ནང་དུ། གྲུ་ཁ་རུ་ཡོད་པའི་ལྗིད་འདེགས་འཕྲུལ་འཁོར་གྱིས་རྫས་འགྱུར་རླུང་གཟུགས་བླུགས་པའི་སྒམ་ཆུང་་གྲུ་གཟིངས་ནང་འཇོག་སྐབས་སྐྱོན་ཤོར་ནས། སྒམ་ཆུང་ཆག་གས་བྱུང་ནས་འབར་གས་བྱུང་བའི་དུས་མཚུངས་སུ། རྫས་འགྱུར་རླངས་གཟུགས་ཀྱང་སྒམ་ཆུང་གི་ཕྱི་རུ་ཤོར་ཡོད་ཅེས་འཁོད་ཡོད། མིག་སྔར་མྱུར་སྐྱོབ་མི་སྣ་ཡུལ་དངོས་སུ་སོང་ནས་འབྲེལ་ཡོད་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་ཀྱིན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།